དགེ་རྒན་བློ་བཟང་འོད་ཟེར་ནི།

        དགེ་རྒན་བློ་བཟང་འོད་ཟེར་ནི།    སྤྱི་ལོ་༡༩༧༤ ལོར། མདོ་སྨད་མགོ་ལོག་ཆུ་བ་ནས་སྐྱེས་ཤིང་། ལོ་བཅུ་བཞིའི་སྟེང་མདོ་སྨད་ཀྱི་གདན་ས་ཆེན་པོ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་སྒོར་ཞུགས་ནས་འདོན་ཆ་དང་བསྡུས་གྲྭ་བློ་རྟགས་ཐིག་རྡུལ་ཚོན་སོགས་ལ་སྦྱངས་པ་དང་།   ༡༩༩༨ ལོར་འཕགས་ཡུལ་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལོ་གཉིས་ཀྱི་རིང་ལ་ཡང་བསྐྱར་བསྡུས་གྲྭ་བློ་རྟགས་སོགས་ལ་སྦྱངས་པ་བྱས། ༢༠༠༠ ལོར་རང་དགོན་དུ་ཕེབས་ནས་ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་དབུ་མ་སོགས་ལ་སྦྱངས་པ་མཐར་ཕྱིན་ནས། ༢༠༡༢ ལོར། ཕར་ཕྱིན་དམ་བཅའ་བཞག་ནས་ཕར་ཕྱིན་རབ་འབྱམས་པའི་མཚན་སྙན་ཐོབ། འདུལ་བ་རྫོགས་ནས་མཛོད་གསར་འཛིན་གྲྭའི་སྐབས་ཏེ། སྤྱི་ལོ་ ༢༠༡༥ ལོར། རྭ་རྒྱ་དགོན་གཞུང་ནས་མངག་བཀོད་ལྟར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དུ་ཕེབས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-08 ལྟ་ཀློག (5294)