གུས་ཞབས་དང་འབྲེལ་བའི་འཛེམ་བྱ།

༄༅། །གུས་ཞབས་དང་འབྲེལ་བའི་འཛེམ་བྱ།

 རྩོམ་པ་པོ།   མི་གསལ།  

      ཁྱོད་ཀྱིས་རྒྱུན་ལྡན་འཚོ་བའི་ཁྲོད་ནས་འདི་དག་ལ་དོ་སྣང་བྱེད་ཀྱི་ཡོད་དམ།

     བོད་མིར་རྒན་པར་བརྩི་བཀུར་དང་གཞོན་པར་གཅེས་སྐྱོང་བྱེད་པའི་གོམས་སྲོལ་བཟང་བོ་ཞིག་ཡོད། དཔེར་ན་རང་ལས་རྒན་པའི་མིར་སྐད་ཆ་ཤོད་སྐབས་ངེས་པར་དུ་ཞེ་ས་ཞུ་དགོས་ཤིང་། རྒན་པའི་མཚན་ནས་འབོད་སྐབས་དེ་ཡི་རྗེས་སུ་༼ལགས་༽ཞེས་པའི་སྐད་ཆ་ཐོས་པ་ཞིག་བསྣན་ནས་བརྩི་བཀུར་དང་གུས་ཞབས་མཚོན་པར་བྱེད་པ་ལས། གང་གི་མཚན་ཐད་ཀར་འབོད་སྲོལ་མེད་ལ། ལམ་ལ་ཞུགས་སྐབས་མི་གཞན་གྱི་སྔོན་ལ་ཧབ་ཐོབ་བརྒྱབ་ནས་འགྲོ་སྐྱོད་བྱེད་པ་དང་། མི་ཚང་གཞན་གྱི་ཁྱིམ་ནང་གདན་ཐོག་ལ་བཞུགས་སྐབས་དཀྱིལ་ཀྲུང་མ་བཅས་པར་རྐང་བརྐྱངས་ལག་བརྐྱངས་སུ་འདུག་པ། མི་མང་འཛོམས་སར་རྟུག་དྲི་གཏོང་བ། གད་རྒྱག་སྐབས་འཕྱག་མ་ལག་སྤྱོད་བྱེད་པ། འགྲུལ་བ་ཐོན་མ་ཐག་གད་ཕྱིས་བྱེད་པ། མི་གཞན་གྱི་རྒྱབ་ཏུ་ཐུ་ལུད་རྒྱག་པ། བུད་མེད་ཀྱིས་སྤང་གདན་རྡབ་པ་སོགས་ཀྱི་བྱ་སྤྱོད་ནི་མི་གཞན་ལ་འཕྱ་སྨོད་ཆེ་ཤོས་དང་ངན་ལྟས་ཆེ་ཤོས་ལ་བརྩི་བས། དེ་རིགས་ནི་རྒྱུན་ལྡན་གྱི་འཛེམ་བྱ་ཡིན། གཞན་ཡང་རྒན་ཁོག་དང་། དབང་བོ་སྐྱོན་ཅན། བསོད་སྙོམས་སློང་མཁན་སོགས་ལ་རོགས་རམ་དང་དགེ་སྦྱོར་སྦྱིན་གཏོང་བྱེད་པ་ལས། མཐོང་ཆུང་དང་གཤེ་གཤེ་གཏོང་བའི་རིགས་ནི་མ་རབ་ཐ་ཤལ་གྱི་སྤྱོད་ངན་ལ་བརྩིས་ནས་རྒྱུན་ལྡན་དུ་ཀུན་གྱིས་འཛེམ་པར་བྱ་བའི་ཡུལ་ཡིན།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-07 ལྟ་ཀློག (3691)