མགོ་ལོག་རྨོངས་སེལ་འདབས་སྐྱོར་ཚོགས་པ།

མགོ་ལོག་རྨོངས་སེལ་འདབས་སྐྱོར་ཚོགས་པ་ངོ་སྤྲོད།            
           མགོ་ལོག་རྨོངས་སེལ་འདབས་སྐྱོར་ཚོགས་པ་ནི། བོས་རྒྱ་བློ་བཟང་བསྟན་པའམ་གངས་སྲས་ཨ་མས་རང་ཡུལ་ལ་ལྷག་བསམ་ཟོལ་མེད་ཀྱི་ལྷ་དར་དཀར་པོ་ཞིག་གི་ཚབ་དང་ཡིག་རྨོངས་པ་ཚོ་ཤེས་རིག་གི་ལམ་ལ་འཁྲིད་པའི་ཆེད་དུ་བཙུགས་པ་ཞིག་ཡིན། དེ་བས་སྤྱི་ལོ་༢༠༡༠ལོའི་ཟླ་༨ཚེས་༡༣ཉིན་དགེ་རྒན་ཇོ་ཡི་ཚུལ་ཁྲིམས་དང་ཨ་སྲས་དུག་སེལ་གཉིས་ཀྱི་རོགས་རམ་འོག་ནས་མགོ་ལོག་རྨོངས་སེལ་འདབས་སྐྱོར་ཚོགས་པའི་ཕ་སྐད་གཙང་མ་སྨྲ་བ་དང་ཡིག་རྨོངས་སེལ་བའི་བྱ་འགུལ་ཐེངས་དང་པོ་སྨུག་གསེང་ཁ་མདོར་དངོས་སུ་དབུ་བརྙེས་པ་རེད། ཕ་སྐད་འཛིན་གྲྭ་ལ་སློབ་མ་༣༣དང་རྨོངས་སེལ་འཛིན་གྲྭ་ལ་སློབ་མ་༧བཅས་འཛིན་གྲྭ་གཉིས་བསྒྲུབས་པ་རེད། དེ་ནི་ཁོས་རང་གི་མི་རིགས་ལ་ཕུལ་བའི་ལྷ་དར་ཡུག་གཅིག་གི་དོད་དང་ཡིག་རྨོངས་པ་ཚོར་སློབ་སྦྱོང་གི་གོ་སྐབས་ཐོག་མར་བསྐྲུན་པ་རང་ཡིན་ནོ། །

 

 

 

མགོ་ལོག་རྨོངས་སེལ་འདབས་སྐྱོར་ཚོགས་པས་ཐེངས་དུ་མར་གསབ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་ཡིག་རྨོངས་སེལ་བ་དང་གཞི་རིམ་དུ་འཕྲོད་བསྟེན་རྒྱུན་ཤེས་སོགས་ངོ་སྤྲོད་བྱས་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2015-07-06 ལྟ་ཀློག (10711)