མཉམ་འབྲེལ་རྒྱལ་ཚོགས་ངོ་སྤྲོད།

                                                                             མཉམ་འབྲེལ་རྒྱལ་ཚོགས་ངོ་སྤྲོད།
                                                                           བསམ་འཕེལ་རྡོ་རྗེས་དབྱིན་ཡིག་ལས་བསྒྱུར།

    མཉམ་འབྲེལ་རྒྱལ་ཚོགས་ནི་༡༩༤༥ལོར་ཚུགས་ཤིང་། འཛམ་གླིང་རང་བཞིན་གྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་ཡིན་ལ། དེའི་སྤྱི་ཁྱབ་བཀོད་འདོམས་ཁང་ནི་ཨ་མེ་རི་ཁའི་ནིའི་ཡོག་ས་ཆ་རུ་བཙུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་འདྲ་མཉམ་དང་རང་དོན་རང་ཐག་གཅོད་པའི་རྩ་དོན་རྨང་གཞིར་བྱས་པའི་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ། རྒྱལ་སྤྱིའི་རྩོད་གླེང་འདྲ་མིན་སྣ་ཚོགས་འདུམ་སྒྲིག་བྱེད་པ། མིའི་རིགས་ཡོངས་ཀྱི་འགྲོ་བ་མིའི་ཁེ་དབང་དང་རང་དབང་ལ་བརྩི་བཀུར་བྱེད་པ་དེ་སྐུལ་སྤེལ་བྱེད་པ་བཅས་གཏན་འཁེལ་བྱས་ཡོད།   ལོ་ངོ་ལྔ་བཅུའི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོབ་དང་ས་ཁུལ་རང་བཞིན་གྱི་འགལ་འཁྲུག་ཐག་གཅོད་བྱེད་པ། མི་ཆོས་རིང་ལུགས་ཀྱིས་རོགས་སྐྱོར་འདོན་སྤྲོད། བཙན་བྱོལ་བ་སྲུང་སྐྱོབ།  རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཕྱོགས་སུ་བྱ་བ་འབོར་ཆེན་བསྒྲུབས། མིག་སྔར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ནང་དུ་ཕལ་ཆེར་འཛམ་གླིང་གི་རྒྱལ་ཁབ་ཡོད་ཚད་འདུས་ཡོད་པས།  དེ་ནི་འཛམ་གླིང་གི་ཆེས་ཁྱབ་གདལ་ཆེ་བ་དང་ཆེས་སྐྱེ་སྟོབས་ལྡན་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཏུ་གྱུར་ཡོད་པར་མ་ཟད། རྒྱལ་སྤྱིའི་རང་བཞིན་གྱི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་བཏོན་དང་འདོན་མུས་སུ་མཆིས། སྤྱི་ལོ༡༩༤༥ལོར་སན་ཧྥ་རན་སིའི་ཁོད་ནང་ཆི་ལེ་ཡན༼Chilean༽གྱི་འཐུས་མིའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་གཏན་འཁེལ་བྱས་ཏེ་མིང་རྟགས་བཀོད།༡༩༣༩-༡༩༤༥ལོ་བར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐྱོན་ཆ་བཀག་འགོག་བྱེད་ཆེད་རྒྱལ་ཁབ་མང་བོས་མཛའ་མཐུན་གྱི་འབྲེལ་བ་བཙུགས་པར་དུས་མཚུངས་སུ་འགྲོ་བ་མིའི་རིགས་ལ་འཛམ་གླིང་འཁྲུག་ཆེན་གསུམ་པ་སྔོན་འགོག་བྱེད་དགོས་པའི་བཀའ་ཁྲིམས་ཁྱབ་བརྡལ་གནང་བ་མ་ཟད། ༡༩༤༥ནང་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས་མི་ཆོས་རིང་ལུགས་པ་བཅས་ཀྱི་དཀའ་གནད་ཐག་གཅོད་ལ་འཛམ་གླིང་ཞི་བདེ་རྒྱུན་འཁྱོངས་ཡོང་བ་དང་མཉམ་ལས་སྐུལ་སྤེལ་གཏོང་བའི་གོ་རིམ་ཁྲོད་རྒྱལ་ཁབ་མང་བོའི་མཐུན་འབྲེལ་ཉམས་རྒུད་སོང་བའི་དོད་དུ་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱས། སྤྱི་ལོ་༡༩༣༩ལོར་ཨ་རིའི་སྲིད་གཞུང་ཁེ་ལས་ཚན་ཁག་གི་སྲུང་སྐྱོབ་དེའི་འོག་འཛམ་གླིང་གསར་བ་ཞིག་རྩ་འཛུགས་ཆེད་དངོས་ཡོད་འཆར་གཞི་སྔ་མོ་ནས་འགོ་བརྩམས་ཟིན། ལོ་སེའི་ཧྥུའུ་ཙུང་ཐུང་གིས་མཐུན་འབྲེལ་དུ་ཞུགས་པའི་རྒྱལ་ཁབ་མང་བོའི་ཡི་གེར་འགོད་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཞེས་ཆེད་སྤྱོད་མིང་ཚིག་ཐོག་མ་གསར་གཏོད་གནང་། དམག་འཁྲུག་ནུས་འདོན་དེ་རྒྱུན་སྲིང་དམ་བཅའ་འཇོག་སྐབས་སྲིད་གཞུང་ཉི་ཤུ་རྩ་དྲུག་གིས་མིང་རྟགས་བཀོད་པ་མ་ཟད། ༡༩༤༢ལོའི་ཟླ་དང་བོའི་ཚེས་གཅིག་ཉིན་དངོས་གཞིའི་ཐོག་ནས་ཐེངས་དང་བོར་བཀོལ་སྤྱོད་བྱས། ༡༩༤༥ལོའི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་རྒྱལ་སྤྱིའི་རྩ་འཛུགས་སྟེང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་དེ་སན་ཧྥ་རན་སེ་སིའི་ཁོད༼SanFrancisco༽ནང་འགོ་བརྩམས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཟིན་བྲིས་ནང་སྲིད་གཞུང་མེད་པའི་རྩ་འཛུགས་ཤིག་དང་ཚོགས་འདུར་ཕེབས་པའི་སྲིད་གཞུང་ལྔ་བཅུ་ཐམ་པ་བཅས་ཁོངས་གཏོགས་སུ་ཚུད། ༡༩༤༥ལོའི་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཆོག་མཆན་དེའི་ཐོག་ལ་དངོས་སུ་ཞུགས་མཁན་ཨ་རིའི་སྲིད་གཞུང༼UnitedStates༽དང་མཐུན་སྒྲིལ་གཅིག་གྱུར་གྱི་རྒྱལ་ལྡན་རྒྱལ་ཁབ༼UnitedKingdom༽སུའུ་ལན་གྱི་བཟོ་ཚོགས༼SovietUnion༽ཀྲུང་ཧྭ་མི་སེར་རྒྱལ་ཁབ༼RepublicofChina༽ཧྥ་རན་སིའི་བདེ་འཇགས་སྲིད་དོན་ལྷན་ཁང༼SecurityCouncil-France༽བཅས་ཀྱི་གཏན་འཇགས་འཐུས་མི་ལྔ་གཙོ་བྱས་གཞན་མིང་རྟགས་འགོད་མཁན་རྒྱལ་ཁབ་མང་ཆེ་བའི་ཁོངས་མི་བཞི་བཅུ་ཞེ་དྲུག་ཕེབས་ཡོད་འདུག1946ལོའི་ཟླ་དང་བོར་དབྱིན་ཇིའི་རྒྱལ་ས་ལོན་ཏོན་སྤྱི་ཁྱབ་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་མངོན་ པར་བྱེད་པ་རྒྱལ་ཁབ་ལྔ་བཅུ་ང་གཅིག་གི་སྐུ་ཚབ་རྣམས་ཐུན་མོང་བའི་ཚོགས་འདུ་ཐེངས་དང་བོར་ཚོགས་སོ། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-05-16 ལྟ་ཀློག (4050)