​རླབས་རྒྱུན་དང་བྲག་རྡོ།

རླབས་རྒྱུན་དང་བྲག་རྡོ།

  བ་རེས།  

རླབས་རྒྱུན་དང་བྲག་རྡོ་གཉིས། 
མཚོ་འགྲམ་ན་ཁ་གཏད་དུ་ལངས། 
ལོ་ངོ་སྟོང་ཕྲག་གི་རིང༌། 
མཁའ་ལ་འཕྱོ་བའི་རླབས་རྒྱུན་གྱིས། 
བྲག་རྡོའི་ངོས་ལ་ལན་བརྒྱར་བརྡབས། 
བསུབ་མེད་དཔའ་རྟགས་གྱི་རི་མོ་ཞིག་ཀྱང༌། 
བྲག་རྡོའི་རྐེད་པ་ན་གཟུགས་སུ་གྲུབ།
འཇགས་མི་ཐུབ་པ་རླབས་ཀྱི་ཆོས་ཉིད། 
འགྱུར་མི་སྲིད་པ་བྲག་རྡོའི་རང་བཞིན།
ཛ་དྲག་གི་འབྲེལ་འདྲིས་ཀྱིས། 
མཛའ་མཐུན་གྱི་ཉ་མོ་བསྐྱངས།

 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-05-10 ལྟ་ཀློག (6572)