འཛམ་གླིང་ཁེ་ལས་པ་གྲགས་ཅན་གྱི་གདམ་ངག ཁག་གཉིས་པ།

འཛམ་གླིང་ཁེ་ལས་པ་གྲགས་ཅན་གྱི་གདམ་ངག་བོད་འགྱུར་མ།  ཁག་གཉིས་པ།

བརྩེ་དུང་རྡོ་རྗེས་བསྒྱུར།

1. དངུལ་སྒོར་གྱིས་མི་བཟང་ཇེ་བཟང་དུ་གཏོང་ཐུབ་ལ། མི་ངན་ཇེ་ངན་དུ་གཏོང་ཐུབ། དེ་ཡོད་ཚད་ནི་མི་སྒེར་གྱི་རིན་ཐང་ལྟ་བར་རག་ལས་སོ།

པ་ཧྥེ་ཐི། (ཨ་རི) 巴菲特(美国) 

2. ཤོག་སྒོར་གྱིས་ཁྱེད་ལ་སྐབས་ལ་ལར་སྟབས་བདེ་མང་པོ་ཞིག་བསྐྲུན་ཐུབ་ན་ཐང་། ཡིན་ནའང་ཁོའི་བདེ་ཐང་དང་བདེ་སྐྱིད་ཉོ་མི་ཐུབ།

པ་ཧྥེ་ཐི། (ཨ་རི) 巴菲特(美国)

3.བདག་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཕྱུག་པོར་འགྱུར་བར་ཤེས་ཡོད། དེའི་ཕྱོགས་ལ་ང་རང་དོགས་པ་སྤུ་རྩེ་ཙམ་ཡང་སྐྱེས་མ་མྱོང་།

པ་ཧྥེ་ཐི། (ཨ་རི) 巴菲特(美国)

5.ཐབས་ཇུས་ཡག་པོ་ལ་དུས་ཚོད་ངེས་ཅན་ཞིག་དགོས། དེ་ནི་བསམ་གཞིགས་ཞིབ་ནན་གྱི་འབྲས་བུ་ཡིན་པ་ལས། དུས་ཐུང་སེམས་འཚབ་གྱི་འབྲས་བུ་མིན་ནོ།

པ་ཧྥེ་ཐི། (ཨ་རི) 巴菲特(美国)

6.འཚོ་བའི་གནད་འགག་ནི་སུ་ཞིག་གི་ཆེད་དུ་ལས་ཀ་སྒྲུབ་བཞིན་པ་ཤེས་རྒྱུ་དེ་རེད།

པ་ཧྥེ་ཐི། (ཨ་རི) 巴菲特(美国)

7.ཀླད་པའི་ནང་གི་ཤེས་བྱ་དག་ལེགས་སྒྲིག་དབྱེ་འབྱེད་མ་བྱས་པའི་སྔོན་དུ་ཡོད་ཚད་ཀྱི་མིང་ལ་གད་སྙིགས་ཟེར།

པ་ཧྥེ་ཐི། (ཨ་རི) 巴菲特(美国)

8.གལ་ཏེ་ཁྱེད་རང་ལམ་ནོར་བ་ཞིག་གི་ཐོག་ཏུ་ཡོད་ཚེ། བརྒྱུགས་ནའང་གྲུབ་འབྲས་ཡོད་པ་མ་རེད། 

པ་ཧྥེ་ཐི། (ཨ་རི) །巴菲特(美国)

9.ཁོ་ཚོ་གང་དུ་འགྲོ་བཞིན་པ་གསལ་བོར་ཤེས་དགོས་པ་ལས། ཁོ་ཚོ་གང་དུ་བསྡད་ཡོད་པ་ཤེས་དགོས་པ་མ་རེད།

པ་ཧྥེ་ཐི། (ཨ་རི) 巴菲特(美国)

10.ཚད་འདས་འབྱོར་ཕྱུག་གི་འཚོ་བ་རོལ་འདོད་ན། ཁྱེད་ཀྱི་ཨ་ཕ་ལ་རེ་ལྟོས་བྱས་ནས་མ་འདུག ( རང་གི་བུ་མོ་ལ།)

པ་ཧྥེ་ཐི། (ཨ་རི) 巴菲特(美国)

11.ཤེས་རིག་གི་ཕྱུག་ཚད་དང་ཡིད་རྟོན་རུང་བའི་ཚོད་དཔག་ལས་གཞན། སེམས་ཤུགས་ནི་ཁྱེད་ཀྱིས་ཆེས་རིན་ཐང་བྲལ་བའི་རྒྱུ་ནོར་རེད།

པ་ཧྥེ་ཐི། (ཨ་རི)巴菲特(美国)

12.གལ་ཏེ་ཁྱེད་ཀྱིས་རང་ཉིད་ཚོད་འཛིན་བྱེད་མི་ཐུབ་ན། ཁྱེད་ཀྱི་མགོར་སྔ་གཞུག་གང་རུང་ཞིག་ནས་ཆག་སྒོ་ཆེན་པོ་ཞིག་ལྷུང་ངེས།

པ་ཧྥེ་ཐི (ཨ་རི) 巴菲特(美国)

13.དཀའ་སྡུག་དང་བར་ཆད་ནི་མི་རེ་རེར་འཕྲད་ངེས་པ་ཞིག་རེད། ཁྱེད་ཀྱི་སྒྲུབ་དགོས་པ་གཅིག་ཡོད་པ་ནི་དེ་ལ་འཁང་ར་མི་བྱེད་པར། ཁ་རོག་གེར་དེའི་ཁྲོད་ཀྱི་ཤེས་བྱ་དང་ལེན་བྱེད་པ་དེ་ཡིན།

བྷེ་ཨོ་གྷེ་ཚི། (ཨ་རི) 比尔盖茨(美国)

14.གལ་ཏེ་ཁྱེད་རང་གཞན་གྱི་ཆེད་དུ་འཚོ་བ་ཡིན་ན། ཁྱེད་རང་ནི་བེམ་པོ་ཁོ་ནའོ།

སི་ལེས་མཱོ། (མོག་སི་ཁོ) 斯利姆(墨西哥)

15.ཁེ་ལས་པ་ལ་བརྩེ་སེམས་དང་འགན་འཁྲི་འདུ་ཤེས་ཡོད་། དེ་འདྲ་ཡོད་པས་ད་བཟོད་ཁོ་ཚོའི་ཁེ་ལས་དོན་དམ་གྱིས་འཕེལ་རྒྱས་གཏོང་ཐུབ་སོང་བ་རེད།

བང་ཅིན་ལེན (ཀྲུང་གོ) 王健林(中国)ཇ

16.བསམ་བློ་གཅིག་གྱུར་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་།དེ་ནི་རྩ་བ་ནས་མི་སྲིད་པ་ཞིག་རེད།

མ་ཡེན། (ཀྲུང་གོ) 马云(中国)

17.ཁྱེད་ཀྱི་ལས་འགན་ནི་ཅི་ཞིག་རེད། དེ་ནི་གཞན་དང་བསྡུར་ན་སྙིང་རུས་མང་ཙམ་དང་། འབད་བརྩོན་ལྷག་ཙམ། ཕུགས་བསམ་མང་ཙམ་ཡོད་དགོས་པ་དེ་རེད།

མ་ཡེན། (ཀྲུང་གོ) 马云(中国)

18.འཇིག་རྟེན་གྱིས་ཁྱེད་ཀྱིས་ཅི་ཞིག་བཤད་ཡོད་པ་དེ་དྲན་མི་སྲིད། ཡིན་ནའང་། ཁྱེད་ཀྱིས་ཅི་ཞིག་སྒྲུབ་ཡོད་པ་དེ་བརྗེད་མི་སྲིད།

མ་ཡེན། (ཀྲུང་གོ) 马云(中国)

19.འཇིག་རྟེན་འདིར་ཆེས་ཡིད་རྟོན་མི་རུང་བ་ཞིག་ཡོད་པ་ནི་འབྲེལ་བ་ཡིན།

མ་ཡེན། (ཀྲུང་གོ) 马云(中国)

20.རིན་མེད་ནི་འཇིག་རྟེན་ཐོག་གི་ཆེས་རིན་གོང་ཆེན་པོ་དེ་ཡིན། དེའི་ཕྱིར། ཅི་ཐུབ་ཀྱིས་རིན་མེད་མ་བྱས་ན་བཟང་། ཁྱེད་ལ་སྒོར་མོ་ཡོད་རྗེས་ད་བཟོད་རིན་མེད་ལ་བསམ་གཞིགས་བྱས་ན་འཚམས།

མ་ཡེན། (ཀྲུང་གོ) 马云(中国)

21.གཞན་དག་གིས་མཐོང་མི་ཐུབ་པའི་གོ་སྐབས་ནི་ད་བཟོད་གོ་སྐབས་བཟང་བོ་ཡིན།

མ་ཡེན། (ཀྲུང་གོ) 马云(中国)

22. སེམས་ཁམས་ཀྱིས་གཤིས་ཀ་གཏན་འཁེལ་བྱེད་ཐུབ་པ་དང་། གཤིས་ཀས་དོན་དག་གཏན་འཁེལ་བྱེད་ཐུབ།

མ་ཡེནག། (ཀྲུང་གོ) 马云(中国)


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-04-18 ལྟ་ཀློག (6832)