གསར་བཏོད་པ་སྐུ་ཞབས་ཆོ་པོས་སུ།

གསར་བཏོད་པ་སྐུ་ཞབས་ཆོ་པོས་སུ།

      ཁྱོད་ཀྱིས་ཅི་ཞིག་ཉོས་ཡོད་པ་དེ་གལ་ཆེན་མ་རེད། ཁྱོད་ཀྱིས་ཅི་ཞིག་གསར་བསྐྲུན་བྱས་ཡོད་པ་དེ་གལ་ཆེན་རེད། ཀུ་ཤུ་རྟགས་ཅན་གྱི་རྩིས་འཕྲུལ་དང་ཁ་པར་སོགས་གསར་བཏོད་བྱེད་མཁན་གྱི་སྐུ་ཞབས་ཆོ་པོས་སུ།  乔布斯(SteveJobs)(༡༩༥༥-༢༠༡༡)རྒྱལ་ཁབ་ཨ་རི་ནས་སྐྱེས་ཤིང་དེ་ག་ནས་འཚོ་བ་བསྐྱལ་བའི་གསར་བཏོད་པ་ཞིག་ཡིན། ཁོང་ཆུང་དུས་སློབ་གྲྭར་སོང་ཡང་ལོ་༡༩སྟེང་འཚོ་བའི་ཆ་རྐྱེན་གྱི་དཀའ་ངལ་དང་འཕྲད་ནས་སློབ་གྲྭ་ནས་ཕྱིར་བུད་ཏེ་གློག་བརྙན་རྩེད་ཆས་ལས་ཁུངས་ཤིག་ཏུ་ལས་ཞུགས་བྱས། ཁོ་ཆུང་དུས་ནས་གློག་རྡུལ་འཕྲུལ་ཆས་ཀྱི་རིགས་ལ་ཧ་ཅང་དགའ་བོ་ཡོད་པས་དེའི་རིགས་ལ་ཞིབ་འཇུག་ཡང་ཡང་བྱས་མཐར་ཆོ་པོས་སུས་༡༩༧༦ལོར་མི་གཞན་དང་མཉམ་དུ་ཀུ་ཤུ་སྤྱི་གཉེར་ཁང་གསར་འཛུགས་བྱས། ཁོ་སིལ་ཏོག་ཀུ་ཤུ་ལ་ཧ་ཅང་དགའ་བས་མིང་ཡང་དེ་ལྟར་བཏགས། ཡིན་ནའང་འཕེལ་རྒྱས་ཀྱི་ལམ་ལ་འགྲོ་མ་ཐུབ། དེ་ནས་ཀུ་ཤུ་རིམ་པ་དང་པོ་སྒྲིག་སྦྱོར་བྱས་ཏེ་བཀྲམ་ཡང་དེ་ཡང་དོན་མ་འཁྱོངས། བར་སྐབས་ཤིག་ལ་རྒྱ་གར་དུ་སོང་ནས་སངས་རྒྱས་ཆོས་ལུགས་ལ་ཡུད་ཙམ་བསླབས། ཁོས་བཤད་པ་ལྟར་ན་དེ་ནས་བཟུང་ལམ་འགྲོ་བྱུང་བའི་དབུ་བརྩམས་པ་ཡིན་ཟེར། དེ་རྗེས་ཚོང་དཔོན་ཞིག་གི་མ་དངུལ་གྱི་རྒྱབ་སྐྱོར་འོག་འཕེལ་རྒྱས་ཅུང་ཙམ་བྱུང་། དེ་ནས་སླར་ཡང་ཀུ་ཤུ་རིམ་པ་གཉིས་པ་བཀྲམས་ནས་དགའ་བསུ་གནང་མཁན་ཡང་ཉུང་ཙམ་བྱུང་། ༡༩༨༥ལོར་གནས་ཚུལ་དམིགས་བསལ་བ་བྱུང་ནས་ཀུ་ཤུ་ལས་ཁུངས་ནས་ཕྱིར་འབུད་བྱས་ཏེ་འགུལ་གཟུགས་གློག་བརྙན་ལས་ཁུངས་ཤིག་གསར་འཛུགས་བྱས་ནས་དེ་གར་སྦྱང་བ་མང་དུ་བྱས། ༡༩༩༦ལོ་ཀུ་ཤུ་ལས་ཁུངས་འཕེལ་རྒྱས་ཀྱི་ལམ་ག་མེད་པར་བརྟེན་ཆོ་པོས་སུ་སླར་ཡང་ཕྱིར་གདན་ཞུ་བྱས། དེ་རྗེས་ཁོས་གསར་བཏོད་བྱས་པའི་ཀུ་ཤུiMacལ་ཐོག་མར་ཚོང་ར་ལས་དོན་འཁྱོངས་པའི་མིའི་རྩིས་འཕྲུལ་གཅིག་པུ་ཞེས་གཟི་བརྗིད་ཀྱི་མཚན་སྙན་དང་པོ་མངོན་གྱུར་བྱུང་། ཡིན་ནའང་ད་དུང་ཨ་སྒོར་དུང་ཕྱུར་༣ལྷག་གི་ཚོང་ལས་ཀྱི་ཚབ་དངུལ་མེད་པར་གྱུར། ༡༩༩༩ལོར་iBookགསར་བཏོད་བྱས། ༢༠༠༡ལོར་iPodགསར་དུ་བཟོས་པ་ནས་བཟུང་རིམ་བཞིན་ལག་རྩལ་གྱི་རྩེར་སོན་པའི་ཉན་ཆས་དང་ལག་འཕྲིན་ཀུ་ཤུ་རྩིས་འཕྲུལiPhoneརྟགས་ཅན་གྱི་ཁ་པར་སོགས་ཉོ་མཁན་དང་ཆེས་དགའ་བསུ་ཐོབ་མཁན་གྱི་མི་ཇེ་མང་དུ་སོང་ནས་འཕེལ་རྒྱས་ཀྱི་ལམ་སྟེང་དུ་འགྲོ་ཐུབ་སོང་། ད་དུང་ཀུ་ཤུའི་ཐོན་རྫས་མང་པོ་གསར་བཏོད་བྱས་ནས་ཚོང་ལས་ཆེས་མྱུར་བའི་ལམ་ཆེན་ལ་ཞུགས། ད་སྐབས་ལོ་རེར་ཆ་སྙོམས་ཀྱི་iPadངོ་སྙོམས་རྩིས་འཕྲུལ་ཁྲི་༥༨༣༡རེ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་འགྲེམས་འཚོང་བྱེད་བཞིན་ཡོད་པ་དང་། iPhoneརྟགས་ཅན་གྱི་ཁ་པར་གྱི་འགྲེམས་ཚད་ལོ་རེར་དུང་ཕྱུར༡.༢༥ལས་བརྒལ་གྱིན་ཡོད་པ་དང་། Macརྟགས་ཅན་གྱི་གདན་འཇོག་རྩིས་འཕྲུལ་གྱི་འགྲེམས་ཚད་ལོ་རེར་ཁྲི་༡༨༡༥ལ་སོན་ཏེ་འཛམ་གླིང་སྟེང་གི་གློག་རྡུལ་ལས་ཁུངས་ཆེས་ཆེ་བའི་གྲས་སུ་བསླེབས་ཡོད་པ་ཡིན། ༢༠༡༡ལོའི་ཟླ་བརྒྱད་པའི་ཚེས་ཉེར་བཞི་ནས་ལས་འཇོག་ངལ་གསོ་བྱས་ཤིང་ཟླ་བཅུ་བའི་ཚེས་ལྔ་ལ་ཚེ་ལས་འདས། སྐབས་དེར་ལོ་༥༦ཡིན། ཨ་རིའི་དབུ་འཛིན་ཨོ་པྭ་མ་སོགས་འཛམ་གླིང་གི་རླབས་ཆེན་མི་སྣ་དང་རྒྱལ་གཞུང་སོ་སོ་ནས་འཛམ་གླིང་གི་ཆེས་རླབས་ཆེན་མི་སྣ་རེད་ཅེས་མཐོང་ཆེན་དང་། དེའི་ཕྱིར་ཁོ་འདས་སོང་གི་དོན་རྐྱེན་ནི་འཛམ་གླིང་གི་གྱོང་གུད་ཅིག་ཏུ་ཆགས་ཡོད། ད་སྐབས་འཛམ་གླིང་སྟེང་གི་ཕུལ་བྱུང་གསར་བཏོད་མཁན་དང་གློག་རྡུལ་ལག་རྩལ་པ་ཨང་དང་པོའི་གོ་གནས་ཐོབ་ཡོད།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-04-10 ལྟ་ཀློག (4197)