སློབ་གླིང་གསར་འགྱུར།


         སྤྱི་ལོ་༢༠༡༥ལོའི་ཟླ་༡བོའི་ཚེས་༤ནུབ་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་གཅིག་གི་བྱ་བར་སྤྱི་སྡོམ་བྱས་ཤིང་། འཇིགས་མེད་ཀུན་སྤྱོད་བྱ་དགའ་དང་། གསུམ་བཟང་སློབ་མའི་བྱ་དགའ། དེ་བཞིན་དུ་ཕུལ་བྱུང་དགེ་རྒན་དང་ལས་བཟོ་བ། ཕུལ་བྱུང་ལས་འཛིན་མི་སྣ་སོགས་ལ་བྱ་དགའ་ཕུལ་ཅིང་། སང་ཞོགས་ནས་དགུན་གནང་ཡིན་པས་དགེ་རྒན་འཇིགས་མེད་རྒྱལ་མཚན་དང་དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་ཚང་རྣམ་གཉིས་ཀྱིས་སློབ་མ་རྣམས་ལ་ཀུན་སྤྱོད་སོགས་གང་ཅིའི་ཐད་ནས་ བསླབ་བྱ་ཡིད་འཁུལ་བ་དང་། སྒོས་སུ་སློབ་མ་རྣམས་ཕྱིར་ཕ་ཡུལ་དུ་སོང་རྗེས་རང་གི་ཕ་མ་དང་དགེ་རྒན་སོགས་ལ་བརྩི་བཀུར་བྱེད་དགོས་ཚུལ་སོགས་མང་དུ་གསུངས་སོ། །

དགེ་རྒན་རྣམ་པའི་དགྱེས་འཛོམས་དྲོན་མོ།


གསར་འགོད་པ།   གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-04-02 ལྟ་ཀློག (3781)