སློབ་གླིང་གསར་འགྱུར།


       ༢༠༡༤ལོའི་ཟླ ༦པའི་ཚེས་༡༨ཉིན་གྱི་སྔ་དྲོ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྐབས་གཉིས་པའི་མཐར་ཕྱིན་སློབ་མ་ཉེར་དགུ་སློབ་མཐར་ཕྱིན་ཏེ། མི་རིགས་ཤིག་གི་མདུན་ལམ་དང་ས་གནས་ཤིག་གི་འཕེལ་རྒྱས།  རྒྱལ་ཁབ་ཅིག་གི་དར་རྒུད་བསམ་ཞིང་།  འཛམ་གླིང་འདི་ཡི་ཞི་བདེ་བསམ་བཞིན།   རང་གི་ནུས་པ་མཐོ་རུ་འདེགས་ཆེད་ལམ་ལ་ཆས།   མཐར་ཕྱིན་མཛད་སྒོའི་སྟེང་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་སློབ་མ་ཚོར། ༼ ཁྱེད་ཅག་ནི་དྲིན་ཆེན་ཕ་མའི་གཅེས་ལོ་མར་ལོ་ཡིན་པར་མ་ཟད།    དགེ་རྒན་རྣམ་པའི་རེ་བ་བཅོལ་སའི་ནོར་བུ་ཡིན་ལ། མི་རིགས་འདི་ཡི་སྣེ་མོ་འཁྲིད་པའི་ས་མཁན་ཡིན། ངའི་སྙིང་ཁུང་རུས་པའི་གཏིང་ནས་ཁྱེད་ཅག་གི་སྦྱང་འབྲས་གཡུར་དུ་ཟ་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། ༽ཞེས་པའི་གྱེས་ཚིག་གནང་།

གསར་འགོད་པ། གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-04-02 ལྟ་ཀློག (3909)