སློབ་གླིང་གསར་འགྱུར།


      ༢༠༡༤ལོའི་ཟླ་༥པའི་ཚེས་༣ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་མི་ལོ་འདི་དག་གི་རིང་ལ་ཁ་སེམས་གཉིས་མེད་ཀྱིས་རོགས་སྐྱོར་རྒྱ་ཆེན་པོ་གནང་མཁན་གྱི་སྦྱིན་བདག་༼བྲག་དཀར་ སྤྲེལ་རྫོང་།༽དམར་མོའི་ཚེ་བྱམས་དང་། བདུད་ཁོ་སོགས་ཁོང་ཅག་ཉེ་རིང་འགའ་ཡོང་ཞིང་། ད་རེས་ཀྱང་གླིང་སྨད་ཀྱི་སྒོ་ཆེན་བསྐྱར་བཞེངས་མཐའ་དག་དང་ལེན་གནང་སོང་། ཁོང་ཅག་ལ་གནས་སྐབས་སུ་ངེད་སློབ་གླིང་གིས་བཀའ་དྲིན་ཆེ་ཞུ་ལ། མ་འོང་བར་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་ཞིབ་འཇུག་བྱེད་མཁན་དང་། ཡང་ན་བོད་མི་རིགས་ཀྱི་ནང་བསྟན་དང་བཅས་པའི་རིག་གཞུང་ཟབ་མོ་འདི་ལ་དད་གུས་ཡོད་པའི་སྐྱེ་བོ་ཡོངས་ཀྱིས་བཀའ་དྲིན་ཞུ་ངེས།

གསར་འགོད་པ།  གྱི་ལིང་འཇིགས་མེད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-04-02 ལྟ་ཀློག (4234)