གངས་ལྗོངས་དགའ་ཡ་རྟགས་ཅན།

 

ཚད་ལྡན་གྱོན་ཆས་ཐོག་མ། གངས་ལྗོངས་དགའ་ཡ་རྟགས་ཅན།

      གངས་ལྗོངས་དགའ་ཡ་བོད་ཀྱི་གྱོནཆས་ཚད་ཡོད་མཐུན་གཉེར་ཁང་ནི་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་སྤྱི་ལོ་༢༠༠༩ལོར་ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་པ་བརྒྱུད་ཤ་བོ་འགག་ཆུ་གློག་ས་ཚིགས་ཀྱི་ཉེ་འགྲམ་དུ་གསར་དུ་བཙུགས་ཤིང་།   དེང་སྐབས་བཟོ་གྲྭ་འདིར་ལས་བཟོ་བ་བཞི་བཅུ་ལྷག་ཡོད།    བཟོ་གྲྭ་འདིས་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཏེ་རང་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་མཐུན་ཞིང་ཐུན་མིན་བོད་ཀྱི་རྟགས་མཚོན་མངོན་པར་གསལ་བ།   བཟོ་རྩལ་ཁྱད་པར་དུ་འཕགས་པའི་བོད་ལྭ་དང་རྒྱན་རིས་སྣ་ཚོགས་རང་རང་གི་འདོད་མོས་ལྟར་བཟོས་དང་བཟོ་བཞིན་ཡོད་པ་དང་།   ལ་བ་འདིའི་རྟགས་འདི་ལ་བརྟེན་ནས་བོད་ཀྱི་ལ་བའི་རྟགས་རིགས་མང་དུ་སོང་ཞིང་དེ་དང་འཚམས་པའི་བོད་ཀྱི་ལ་བའི་བཟོ་རིགས་ཀྱང་སྔར་བས་རྣམ་པ་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བའི་རྟགས་སུ་ངེས།

      སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་བོད་རིགས་མང་ཚོགས་ཀྱིས་བཟོ་གྲྭ་འདིའི་སྔར་མེད་ཀྱི་གྱོན་ཆས་དང་རྒྱན་རིས་སྣ་ཚོགས་ལ་དགའ་བསུ་ཆེན་པོ་བྱས་པར་མ་ཟད། སླད་མར་ཡང་བཟོ་གྲྭ་འདིའི་གྱོན་ཆས་གསར་བར་རེ་ལྟོས་ཀྱི་མིག་ཟུང་ཅེར་ནས་ཡོད་པས་དགའ་ཡ་བཟོ་གྲྭས་རྒྱ་ཆེའི་རེ་འདོད་མཁན་དག་གི་འདོད་བློ་བསྐང་ཕྱིར་དགའ་ཡ་བཟོ་གྲྭའི་རྣམ་པ་ཆེས་ཆེར་   བསྐྱེད་དེ་མཚོ་སྔོན། ལྷ་ས། སི་ཁྲོན།  ཀན་སུའུ།  ཡུན་ནན་ཞིང་ཆེན་སོགས་སུ་བཟོ་གྲྭ་འདིའི་ཡན་ལག་གི་ཚོང་ཁང་འགའ་རེ་གཉེར་དང་གཉེར་བཞིན་ཡོད།

      བཟོ་གྲྭའི་གྱོན་ཆས་སོགས་གང་ཡིན་ཡང་རས་སྣ་ཚོགས་ཀྱི་རྒྱུ་སྤུས་བཟང་ཞིང་བཀོལ་ཡུན་རིང་བ། ལ་བའི་རིན་གོང་བདེ་ལ་མིག་སྔར་མཛེས་པའི་ཁྱད་ཆོས་ཀུན་འཛོམས་བོད་ཀྱི་གྱོན་ཆས་དེ་དག་ངེད་དགའ་ཡ་བཟོ་གྲྭའི་ལས་གཉེར་གཙོ་བོ་ཞིག་ཡིན། གཞན་ཡང་། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུས་ན་བཟོ་གྲྭ་འདི་བོད་ཀྱི་དཔལ་འབྱོར་འཚོ་བ་གོང་འཕེལ་གྱི་ཆེད་རྐྱང་རྐྱང་མ་ཡིན་པར་གོང་སྨྲས་ལྟར་རང་སློབ་གྲྭའི་དུས་རབས་གསར་བར་རང་དགར་བགྲོད་པའི་ཐབས་ལམ་ཞིག་བསྐྲུན་ཆེད་འཛུགས་སྒྲུབ་གནངས་པའོ། །


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-04-02 ལྟ་ཀློག (9766)