ལིས་ཁི་ཆང་གིས་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2015ལོའི་ལོ་ཚོགས་སུ་ཞུགས་པར་ཡོང་བའི་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན།     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2015ལོའི་ལོ་ཚོགས་སུ་ཞུགས་པར་ཡོང་བའི་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་། 

 

       རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་།

       ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཝུ་ཀན་ཏ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཟང་བོ་བྱུང་སྟེ།    དུས་སྐབས་གསར་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འབྲེལ་བའི་ མིག་དཔེ་ལྟ་བུར་བསྒྱུར་ཡོད།   ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་སྐུ་ཞབས་གཉིས་མཉམ་དུ་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2015ལོའི་ལོ་ཚོགས་སུ་ཞུགས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ཀན་ཏ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་ཇེ་དམ་དུ་གཏོང་བ་དང་།   དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ།    རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

     མུའུ་ཨེ་ཝེ་ཉི་ཡིས་བཤད་རྒྱུར།    ཀྲུང་གོ་ཕྱོགས་ཀྱིས་ཝུ་ཀན་ཏ་ཕྱོགས་ལ་རོགས་རམ་བྱས་ནས་མྱུར་མཁོའི་ཆུ་གློག་ས་ཚིགས་དང་ལྕགས་ལམ་སོགས་ལས་གཞི་འཛུགས་སྐྲུན་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ།   ཀྲུང་གོའི་ཁེ་ལས་མུ་མཐུད་དུ་ཝུ་ཀན་ཏའི་ནུས་ཁུངས་དང་ལུས་རྫས།    ཞིང་ལས་ཐོན་རྫས་ལས་སྣོན།   ཆུ་གློག་གསར་སྤེལ་བཅས་ལས་གཞིའི་ཁྲོད་ཞུགས་པར་དགའ་བསུ་ཞུས་པ་ཡིན་ཟེར།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།



རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-04-01 ལྟ་ཀློག (4087)