༢༠༡༥ལོའི་ལྗང་མདོག་གི་སློབ་གསོ་ཞེས་པའི་བྱ་འགུལ།

ལྗང་མདོག་གི་སློབ་གསོ།

         དེ་ཡང་སྤྱི་ལོ་༢༠༡༥ལོའི་ཟླ་༡བོའི་ཚེས་གཅིག་ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླིང་ལྗང་སྒྱུར་ཚན་ཆུང་གིས་ལྗང་མདོག་གི་སློབ་གསོ་ཞེས་པའི་སློབ་གསོའི་བྱ་འགུལ་ཞིག་སྤེལ་ཞིང་།    ཐོག་མར་འཐུས་ཚབ་པའི་གཏམ་བཤད་དང་འབྲེལ་ཏེ་བྱ་འགུལ་གྱི་འགོ་བརྩམས་པ་དང་བར་དུ་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ།   དགེ་རྒན་གྱི་ལིང་འཇིགས་མེད་རྣམ་པ་གསུམ་གྱིས་སེམས་ཀྱི་སློབ་གསོ་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་གནང་།   མཇུག་ཏུ་དུས་ཀུན་ཁོར་ཡུག་གཙང་སྤྲའི་ཕྱོགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་འཛིན་གྲྭ་དང་སློབ་མ་མི་སྒེར་བཅས་ལ་གཟེངས་བསྟོད་དང་སྐུལ་མ་བྱས།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་བྱ་འགུལ་འདི་དང་འབྲེལ་ཏེ་བཀའ་སློབ་གནང་བཞིན་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་ཕྱིའི་ཁོར་ཡུག་དང་ནང་སེམས་རྒྱུད་བར་གྱི་འབྲེལ་བའི་སྐོར་བཀའ་སློབ་གནང་བ།

སློབ་དཔོན་གྱི་ལིང་འཇིགས་མེད་ཀྱིས་ལྗང་མདོག་དང་འབྲེལ་བའི་བསམ་སྤྱོད་ཀྱི་ཡོན་ཏན་གླེང་བ།

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

བྱ་དགའ་ཐོབ་པའི་སློབ་གྲོགས་དང་ཚན་ཆུང་གི་ཚོགས་མིའི་མཉམ་པར།

༢༠༡༥ལོའི་སློབ་གླིང་ལྗང་སྒྱུར་ཚན་ཆུང་གི་ཚོགས་མིའི་མཉམ་པར།


མཛུབ་སྟོན་དགེ་རྒན།      སློབ་དཔོན་འཇིགས་མེད་རྒྱལ་མཚན།

ཁྲིད་སྟོན་དགེ་རྒན།        དགེ་རྒན་གྱི་ལིང་འཇིགས་མེད།

རོགས་སྒྲུབ་པ།           སྐབས་བཅུ་གཉིས་པའི་མཐར་ཕྱིན་འཛིན་གྲྭ།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-31 ལྟ་ཀློག (19236)