བློ་བཟང་ཐོགས་མེད།

བློ་བཟང་ཐོགས་མེད།

      དགེ་རྒན་ཐོགས་མེད་ལགས་ནི་སྤྱི་ལོ་༡༩༩༦ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་ལྷུན་གྲུབ་རྫོང་དུ་འཁྲུངས།  རང་ལོ་བཅུ་བཞིའི་བར་ཕ་མའི་གམ་ནས་ཡི་གེ་འབྲི་ཀློག་སྦྱོང་བཞིན་ཁྱིམ་དུ་བཞུགས།   ༡༩༨༣ལོར་རབ་ཏུ་བྱུང་ཞིང་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས་ནས་མཁས་པ་མང་བོ་ཚུལ་བཞིན་བསྟེན་ཏེ་སློབ་གཉེར་གནང་།  ཞོར་དུ་དབྱིན་ཡིག་དང་རྒྱ་ཡིག་སོགས་ལ་སྦྱངས་ཤིང་དབྱིན་ཡིག་ལ་མཁྱེན་རྩལ་རབ་ཏུ་འབར།   ༡༩༩༡ལོ་ནས་༡༩༩༤བར་སེ་ར་ཐེག་ཆེན་གླིང་གི་དབྱིན་ཡིག་སློབ་གྲྭའི་དགེ་རྒན་གྱི་འགན་བཞེས།   སྤྱི་ལོ་༡༩༩༥ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ནས་༢༠༠༣ལོའི་བར་མི་ལོ་བརྒྱད་ཀྱི་རིང་ལ་དབྱིན་ཡིག་དང་ཚད་མའི་སྐོར་གྱི་དཔེ་ཁྲིད་གནང་།   ཁོང་ནི་འདོད་ཆུང་ཆོག་ཤེས་དང་དོན་ཉུང་བྱ་ཉུང་གི་དགེ་བཤེས་སྨྲ་བ་ཉུང་བ་ཞིག་ཡིན་ནོ།  །


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (6791)