འཇུ་བཀྲ་ཤིས་བཟང་བོ།

འཇུ་བཀྲ་ཤིས་བཟང་བོ།

     སྐྱེ་ཁམས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་བོ་ནི་སྤྱི་ལོ་༡༩༧༠ལོར་མགོ་ལོག་གཅིག་སྒྲིལ་དུ་སྐྱེས།  ཆུང་དུས་ནས་རབ་ཏུ་བྱུང་སྟེ་དར་ཐང་དགོན་དང་།  ཨ་མཆོག་མཚན་ཉིད་དགོན།  བླ་བྲང་།   སྐུ་འབུམ་བཅས་སུ་སློབ་གཉེར་གནང་།  ༡༩༩༧ལོར་རང་དགོན་དཔལ་ཡུལ་དར་ཐང་ནས་མཁན་པོའི་གོ་མིང་དང་པཎ་ཞྭ་གནང་།

     དེར་ལོ་བཞིའི་རིང་ལ་དགེ་རྒན་གྱི་འགན་བཞེས་ཤིང་ཞར་དུ་༼འདུལ་བ་མདོ་རྩ་བའི་བྲིས་ཆ།༽ཞེས་པའི་འདུལ་བའི་དཔེ་རིས་བྲིས།དེ་ནས་བོད་ཡུལ་ཀུན་ལ་ཉུལ་ཏེ་༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གཡུ་ཡི་ཐང་མ།༽ཞེས་པ་བྲིས།   ༢༠༠༡ལོ་ནས་བཟུང་བོད་ཀྱི་འདབ་ཆགས་དཔེ་རིས་འབྲི་བའི་འགོ་བཟུང་ཞིང་ད་ལྟའི་བར་དེ་ལ་འབད་པ་བྱས་པས་མིང་དོན་མཚུངས་པའི་ཞིབ་འཇུག་པའི་མཚན་སྙན་ཐོབ།   ༢༠༠༦ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ཏེ་ལོ་གཅིག་ལྷག་ལ་བཟོ་རིག་ཆེད་སྦྱོང་འཛིན་གྲྭར་རི་མོ་དང་འཛིན་གྲྭ་གཞན་ལ་བརྡ་སྤྲོད་སོགས་ཀྱི་དཔེ་ཁྲིད་གནང་།



རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (9915)