
སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཡན་ལག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་དགུན་གནང་ཟབ་སྦྱོང་སྐབས་ལྔ་བའི་མཇུག་བསྡུའི་མཛད་སྒོ་དེ་ནད་ཡམས་སོགས་རྐྱེན་དུ་མས་རྒྱས་བསྡུས་རན་པ་ཞིག་རྔ་བ་རྫོང་ཨ་མ་ལགས་ཇ་ཁང་དུ་འཚོགས།
ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཕེབས་ཤིང་། ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་དང་ཁྱིམ་བདག སློབ་ཚོགས་རང་གི་འཐུས་མི་བཅས་ཁྱོན་མི་ལྔ་བཅུ་ཡས་མས་ཤིག་ཚོགས་འདུར་ཟུར་ཞུགས་བྱས།
རིན་ཆེན་དཔལ་གྱིས་ཚོགས་འདུའི་མདོ་འཛིན་གནང་ཞིང་། རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་མགར་པདྨས་སློབ་ཚོགས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་དང་ཉིས་སྟོང་ཉི་ཤུ་ལོའི་སྤྱི་བ་རིན་ཆེན་རྣམ་རྒྱལ་གྱིས་ད་ལོའི་ཟབ་སྦྱོང་གི་གནས་ཚུལ་དང་། དགེ་རྒན་འཇམ་དབྱངས་སྦྱིན་པས་ཟབ་སྦྱོང་སྐབས་ཀྱི་སློབ་སྦྱོང་གི་གནས་ཚུལ་མདོར་བསྡུས་རེ་ཞུས།
དེ་མིན་ལོ་རེ་རེ་བཞིན་ཟབ་སྦྱོང་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྩོལ་མཁན་མཁར་སྤྲུལ་བཀྲ་ཤིས་དོན་གོ་ལགས་དང་། ཟབ་སྦྱོང་སྐབས་སྦྱང་འབྲས་ལེགས་པའི་སློབ་མ་བཅུ་དང་དགེ་རྒན་གསུམ་ལ་གཟེངས་རྟགས་དང་བྱ་དགའི་བདག་རྐྱེན་རིན་མེད་ངང་སྦྱིན་མཁན་གྱི་ས་ལ་གཡང་ཀུང་ཟི་དང་ཞ་སྨྱུག་ཚང་ལ་བཀའ་དྲིན་ཞུ་ཡིག་ཕུལ། མཇུག་ཏུ་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་ཞིང་ཁོང་གིས་ཐོན་མིའི་སློབ་གསོའི་ཁ་ཕྱོགས། ཟབ་སྦྱོང་གི་དམིགས་ཡུལ། བོད་རང་གི་རིག་གནས་ལ་དགའ་ཞེན་ཡོད་པ། རང་གི་ས་གནས་ལ་ཞབས་ཞུ་སྒྲུབ་དགོས་ཚུལ་སོགས་ཀྱི་སྐོར་ནས་གསུང་བཤད་ཡིད་འཁུལ་བ་གནང་ནས་ཚོགས་འདུའི་མཇུག་བཀྲ་ཤིས་པའི་ངང་གྲོལ།

རིན་ཆེན་དཔལ་གྱིས་མདོ་འཛིན་བྱེད་བཞིན་པ།

དགེ་རྒན་འཇམ་དབྱངས་སྦྱིན་པས་ཟབ་སྦྱོང་སྐབས་ཀྱི་སློབ་སྦྱོང་གི་གནས་ཚུལ་སྙན་ཞུ་བྱེད་བཞིན་པ།

དགེ་རྒན་ཡོན་ཏན་གྱིས་ཐེངས་འདིའི་དགེ་རྒན་འཇམ་དབྱངས་སྦྱིན་པ་ལ་བྱ་དགའ་གནང་བཞིན་པ།

དགེ་རྒན་ཡོན་ཏན་གྱིས་ཐེངས་འདིའི་དགེ་རྒན་མཐའ་ཡས་ལ་བྱ་དགའ་གནང་བཞིན་པ།

དགེ་རྒན་ཡོན་ཏན་གྱིས་ཐེངས་འདིའི་དགེ་རྒན་ཚེ་དབང་རྒྱལ་ལ་བྱ་དགའ་གནང་བཞིན་པ།

དགེ་རྒན་ཡོན་ཏན་གྱིས་ཐེངས་འདིའི་སྦྱང་འབྲས་བཟང་བ་དག་ལ་བྱ་དགའ་གནང་བཞིན་པ།

དགེ་རྒན་ཡོན་ཏན་གྱིས་ཐེངས་འདིའི་སྦྱང་འབྲས་བཟང་བ་དག་ལ་བྱ་དགའ་གནང་བཞིན་པ།

མཉམ་པར་བསྒྲོན་ཏེ་ཚོགས་འདུ་མཇུག་བསྡུས།
གསར་འགོད་པ། རྔ་བའི་ཐོན་མིའི་སློབ་ཚོགས།
|