དཔེ་ཀློག་ནི་རྨོངས་མུན་སེལ་བའི་ཉི་འོད་དོ།།

ཀློག་ནི་རྨོངས་མུན་སེལ་བའི་ཉི་འོད་དོ།།

读书是去除愚暗的阳光

ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་འཐོབ། །
ཅེས་ཐོས་པའི་ཚོམས་ལས།
由闻知诸法,由闻遮诸恶,由闻断无义,由闻得涅槃。
——佛经


བཟའ་བཏུང་མ་སྙོམས་ན་ནི་ནད་འབྱུང་བར་ངེས་ལ། སྡེ་སྣོད་གསུམ་མ་བཀླག་ན་ནི་ངེས་པར་བློ་མིག་ལོང་བར་འགྱུར་རོ།།

不调饮食,则病患必生,不阅三藏,则慧眼必昧。
——蕅益大师

ཞེས་སློབ་དཔོན་ཆེན་མོ་ཨོའུ་ཡེས་ཀྱིས་གསུངས་ཤིང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར་བའོ།།



བྱ་མཐོན་པོར་འཕུར་འདོད་ན་ཐོག་མར་གཤོག་པ་བསྒྲེང་། མི་ཡར་ལ་བསྐྱོད་འདོད་ན་ཐོག་མར་དཔེ་ཆ་བཀླག་དགོས།

鸟欲高飞先振翅,人求上进先读书。

——李苦禅

ཞེས་ལི་ཁུའུ་ཁྲན་གྱིས་བཤད་ཅིང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར་བའོ།།


དཔེ་ཀློག་གིས་ལྷན་སྐྱེས་ཀྱི་མི་འདང་ས་ལ་ཁ་གསབ་བྱེད་ལ། ཉམས་མྱོང་གིས་ནི་དཔེ་ཀློག་གི་མི་འདང་ས་ལ་ཁ་གསབ་བྱེད་དོ།།

读书补天然之不足,经验又补读书之不足。
——培根
ཞེས་ཕེ་ཀུན་གྱིས་བཤད་ལ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར་བའོ།།



དཔེ་ཀློག་ནི་གཞན་གྱི་བསམ་བློའི་རོགས་རམ་ལ་བརྟེན་ནས། རང་ཉིད་ཀྱི་བསམ་བློ་འཛུག་པ་ལའོ།།

读书是在别人思想的帮助下,建立起自己的思想。
——鲁巴金
ཞེས་ལུའུ་པཱ་ཅིན་གྱིས་བཤད་ཅིང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར་བའོ།



དཔེ་ཆ་ནི་སྨན་དང་མཚུངས་ལ། དེ་ལེགས་པར་བཀླག་ན་རྨོངས་པའི་ནད་སེལ་ལོ།།

书犹药也,善读之能够医愚。

——刘向

ཞེས་ལིའུ་ཞང་གིས་བཤད་ཅིང་བཛྲ་ཚུལ་རྒྱ་མཚོས་བསྒྱུར་བའོ།།


དཔེ་ཆ་ནི་འཛམ་གླིང་ཡོངས་ཀྱི་གསོ་བཅུད་ཡིན། འཚོ་བའི་ནང་ལ་དཔེ་ཆ་མེད་ན་ནི་མཁའ་ལ་ཉི་འོད་མེད་པ་དང་འདྲ་ལ། 

བློ་གྲོས་ལ་དཔེ་ཆ་མེད་ན་ནི་འདབ་ཆགས་ལ་གཤོག་ཟུང་ཆད་པ་དང་འདྲའོ།།

书籍是全世界的营养品,生活里没有书籍就好像没有阳光;

智慧里没有书籍就好像鸟儿没有翅膀 。

——莎士比亚

ཞེས་ཧྲ་ཧྲི་པིས་ཡས་བཤད་ཅིང་བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར་བའོ།།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2021-01-21 ལྟ་ཀློག (6366)