དྲ་རྒྱའི་བདེ་འཇགས་མཉམ་བསྐྲུན། དྲ་རྒྱའི་དཔལ་ཡོན་མཉམ་སྤྱོད།

     ཀྲུང་གོའི་དྲ་དམངས་ཀྱི་གྲངས་ཀ་དང་དྲ་རྒྱའི་གཞི་རྒྱ་ནི་འཛམ་གླིང་གི་ཨང་དང་པོ་ཡིན་པས། ཀྲུང་གོའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་དོན་སྙིང་ཧ་ཅང་ཆེས་ཆེར་ལྡན་པ་ཞིག་རེད། འདི་ཉིད་རང་སྟེང་གི་དགོས་མཁོ་དང་ཐད་ཀར་འབྲེལ་ཡོད་པར་མ་ཟད། གོ་ལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་དང་ལྷག་པར་འཛམ་གླིང་ཞི་བདེའི་ཐད་ལའང་མིག་མཐོང་ལག་ཟིན་གྱི་དོན་སྙིང་གལ་ཆེན་ལྡན།དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་ཡིས་ནུས་ཡོད་སྒོས་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་གི་ནུས་པ་ཇེ་ཧྲག་ཏུ་བཏང་ནས། རྒྱ་ཆེའི་དྲ་དམངས་ཀྱི་དྲ་རྒྱའི་ཁྲིམས་འགལ་བརྡ་འཕྲིན་དང་། དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་ཉེས་འགལ་གྱི་ངོས་འཛིན་དང་། འགོག་སྲུང་ནུས་པ་མཐོར་འདེགས་བྱས་ཏེ། དྲ་རྒྱའི་བདེ་འཇགས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ནས། ཀྲུང་གོའི་ཕུགས་འདུན་བསྐྲུན་པའི་དྲ་རྒྱའི་སྒུལ་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད།

     རྒྱལ་ཁབ་དྲ་ལམ་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ནི་སྤྱི་ལོ2014ལོར་བཙུགས་ཤིང་། ལོ་རེའི་ཟླ9པའི་གཟའ་འཁོར་གསུམ་པར་སྤེལ་བཞིན་ཡོད། ད་ལྟའི་བར་ཐེངས་དྲུག་ཏུ་སྤེལ་ཡོད། ད་ལོ་2020ལོའི་རྒྱལ་ཁབ་དྲ་ལམ་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་དུས་ཚོད་ནི་ཟླ9པའི་ཚེས14-20ཉིན་བར་ཡིན།

དྲ་ལམ་བདེ་འཇགས་མེད་ན། རྒྱལ་ཁབ་བདེ་འཇགས་ཡོད་མི་སྲིད།

没有网络安全 就没有国家安全

དྲ་ལམ་བདེ་འཇགས་མཉམ་བསྐྲུན། དྲ་ལམ་དཔལ་ཡོན་མཉམ་སྤྱོད།

共建网络安全  共享网络文明


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-09-16 ལྟ་ཀློག (3665)