གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་གསར་ཞུགས་སློབ་མ་བསྡུ་བའི་བརྡ་སྦྱོར།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་གསར་ཞུགས་སློབ་མ་བསྡུ་བའི་བརྡ་སྦྱོར།

       བུ་ཕྲུག་གི་འབྱུང་འགྱུར་མི་ཚེ་དོན་ལྡན་དུ་གཏོང་བར་ཐབས་ཀྱིས་མཛངས་པའི་རིགས་མཐུན་གྱི་ཁྱིམ་བདག་རྣམ་པ་དང་། ཤེས་རིག་གི་མཚོ་མོའི་ཀློང་དུ་རིག་པའི་རྐྱལ་རྩལ་ངོམ་འདོད་ལ་རེ་བའི་སྙིང་ཉེ་བའི་སློབ་གྲོགས་རྣམ་པར་ཞུ་རྒྱུར།  གངས་ཅན་བུ་མོའི་སློབ་གསོའི་ཤེས་རིག་གི་ཞིང་ས་ཁོ་ན་སྟེ། རང་རེའི་སློབ་གྲྭའི་ད་ལོའི་གསར་ཞུགས་སློབ་མ་སྤྱི་ལོ༢༠༢༠ལོའི་སྤྱི་ཟླ་༨བའི་ཚེས༢༥ཉིན་བསྡུ་འཆར་ཡོད་པས།སློབ་གྲྭ་འདིར་ཞུགས་འདོད་ཀྱི་ཀུན་སློང་རྣམ་པར་དག་པའི་སློབ་མ་དག་གིས་དུས་དང་གནས་མ་ནོར་བར་ཕེབས་པར་དགའ་བསུ་བྱེད།


གསལ་བཤད།

གཅིག

      ལོ་རིམ་དང་བོ་འཛིན་གྲྭ་གཅིག་དང་། ལོ་རིམ་གསུམ་པ་འཛིན་གྲྭ་གཅིག་གསར་དུ་བསྡུ་རྒྱུ་ཡིན་ལ། ལོ་རིམ་དང་པོར་ལོ་7་ནས་13བར་གྱི་སློབ་མ་45བསྡུ་རྒྱུ་ཡིན་ཞིང་། ལོ་རིམ་གསུམ་པར་རྒྱུགས་བླངས་ནས་རྒྱུགས་འབྲས་ཀྱི་ཚད་གཞི་ལྟར་སློབ་མ་25ནས་35བར་བསྡུ་རྒྱུ།

གཉིས།

      ལོ་རིམ་གཉིས་པ་དང་བཞི་བ།ལྔ་བ།དྲུག་པ་བཅས་ཀྱི་འཛིན་གྲྭ་སོ་སོར་ཤོང་ཚད་ལྟར་རྒྱུགས་བླངས་ནས་བསྡུ་རྒྱུ།

གསུམ།

      གསར་ཞུགས་སློབ་བུ་དག་གིས་ཁྱིམ་ཐོའི་མ་ཡིག་དང་བསྐྱར་དཔར། གློག་རྡུལ་པར་མགོ་གཅིག  མཆིན་ནད་སོགས་ཡོད་མེད་ཀྱི་བརྟག་དཔྱད་མཇུག་འབྲས་སོགས་མ་བརྗེད་པར་ཁྱེར་ཡོང་དགོས།

འབྲེལ་གཏུག་བྱ་ཡུལ།


18946856555  

18946856363 

15597348999 

18946850664

གསར་འགོད་པ། སྨྲ་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-08-03 ལྟ་ཀློག (11785)