སློབ་གླིང་གི་གསར་འགྱུར།


སློབ་གླིང་གི་གསར་འགྱུར།



   སྤྱི་ལོ་2020ལོའི་ཟླ་6པའི་ཚེས19ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེ་རེའི་འཆར་ཅན་ལྟར་༼  གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར་༽ སྐབས་ལྔ་བ་གཟབ་རྒྱས་ངང་འཚོགས་ཤིང་།   ཐེངས་འདིའི་བྱ་འགུལ་སྟེང་རང་སློབ་གྲྭའི་འཛིན་གྲྭ་སོ་སོའི་སློབ་མ་གཉིས་རེ་དང་། མཐར་ཕྱིན་གཉིས་ནས་དམིགས་བསལ་སློབ་མ་གསུམ་རེ་དང་། ད་ལོ་ལོ་སྔོན་མ་དག་དང་མ་འདྲ་བར་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་ཐུགས་བཀོད་ལྟར་འཆད་ཁྲིད་ཀྱི་རྣམ་པར་བསྒྱུར་ཞིང་གླིང་སྨད་དུ་སུམ་ཅུ་བ་དང་གླིང་སྟོད་རྟགས་འཇུག་གཉིས་བདམས་ཏེ་འཆད་ཁྲིད་གནང་དུ་བཅུག་པ་དང་། དེ་མིན་སློབ་དཔོན་ཡོན་ཏན་རྒྱ་མཚོས་ཐེངས་འདིའི་འཆད་ཁྲིད་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་གནང་བ།མཇུག་མཐར་བྱ་དགའ་ཐོབ་པའི་སློབ་གྲོགས་དྲུག་དང་ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ལ་གཟེངས་རྟགས་གྱ་ནོམ་པ་གནང་ཞིང་ཐེངས་འདིའི་སྦྱིན་བདག་བླ་ལྷག་གནང་མཁན་མང་རྫོང་ཐོན་མིའི་སློབ་ཚོགས་ཀྱིས་བྱ་འགུལ་འདིར་དམངས་སྒོར༢༠༠༠ཕུལ་བར་དྲིན་གཟོའི་གཟི་བརྗིད་རྟགས་མ་གནང་སྟེ་མཇུག་བསྡུས།
བྱ་དགའ་ཐོབ་མཁན།
ཨང་དང་བོ་ཐོབ་མཁན། གཡུང་དྲུང་དར་རྒྱས། 
ཨང་གཉིས་པ་ཐོབ་མཁན། དགེ་འདུན་རྒྱ་མཚོ། བསམ་གཏན་བཀྲ་ཤིས།
ཨང་གསུམ་པ་ཐོབ་མཁན། སྐལ་བཟང་རྣམ་རྒྱལ། འཇིགས་མེད་རྡོ་རྗེ། བསམ་བྷོ། 
ཕུལ་བྱུང་འཛིན་གྲྭ།  མཐོ་གཉིས་དང་བོ།
སྦྱིན་བདག་གནང་མཁན། མང་རྫོང་ཐོན་མིའི་སློབ་ཚོགས། ལྷ་མོ་དོན་འགྲུབ།
བློ་འདྲི་ཡུལ། ལྡོང་ཡོན་ཏན་རྒྱ་མཚོ། བླ་ནག་པ་སྐལ་ལྡན་རྒྱ་མཚོ།
ཐེངས་འདིའི་རྩོམ་སྒྲིག་པ། བློ་བཟང་རྒྱ་མཚོ། བསོད་ནམས་ལྷུན་འགྲུབ། གུར་མགོ་སྐྱབས། བློ་གྲོས། ལྷ་རྒྱལ་ཚེ་རིང་། ཚེ་རིང་དོན་འགྲུབ།
གསར་འགོད་པ།
སྐབས་ལྔ་བའི་ཚོགས་མི་ལྷ་རྒྱལ་ཚེ་རིང་།
གཙོ་སྐྱོང་ལས་ཁུངས། 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

འགྲན་སྡུར་བསྡུ་ཡུལ། 

སྒྲ་སྒྱུར་གཙུག་ལག་གླིང་།
དུས་ཚོད།   ༢༠༢༠.༦.༡༩







རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-06-19 ལྟ་ཀློག (4430)