
ཧ་ཧྥོར་སློབ་གྲྭའི་གྱོང་གུད་དང་འཛམ་གླིང་གི་ཕན་ཁེ་རུ་གྱུར་པའི་གཏམ་རྒྱུད་ཅིག
རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།
ལོ་བརྒྱ་དང་ཉེར་བདུན་ཡར་སྔོན་གྱི་ཞོགས་པ་ཞིག་ལ་ཧ་ཧྥོར་སློབ་གྲྭའི་སྒོ་ཆེན་དུ་ཤིང་རྟ་ཞིག་ལས་གཟའ་མི་རྒན་རྒོན་གཉིས་ཐང་ལ་བབས་ཏེ་སྒོ་ཆེན་གྱི་ནང་གི་འཛུགས་སྐྲུན་ལ་བལྟས་ནས་ཧད་དེ་བསྡད། རྒན་མོའི་ཁ་དོག་ཡལ་ཟིན་པའི་ཐིག་རིས་ཅན་གྱི་རས་ལྭ་ཞིག་གྱོན་ཡོད་ཅིང་། རྒན་པོས་རིན་གོང་ཤིན་ཏུ་དམའ་བའི་རས་ཀྱི་ནུབ་ལྭ་ཞིག་གྱོན་ཡོད།
ཁོ་གཉིས་ཡིད་ཙམ་འགོར་རྗེས་ཐད་ཀར་ཧ་ཧྥོར་སློབ་གྲྭའི་སློབ་གཙོ་ཡི་གཞུང་ལས་ཁང་གི་ཕྱོགས་སུ་སོང་། སློབ་གཙོའི་དྲུང་ཡིག་པས་ཁོ་གཉིས་མཐོང་པ་དང་ལམ་བཀག་སྟེ་ཅི་ཡིན་དྲིས་པར་ཁོ་གཉིས་ཀྱིས་སློབ་གཙོ་མཇལ་དགོས་ཞེས་བཤད། ཡང་དྲུང་ཡིག་གིས་སྔོན་ཆད་ཡོད་མེད་དྲིས་པར་ཁོ་གཉིས་ཀྱིས་མེད་ཅེས་བཤད། དེ་ནས་དྲུང་ཡིག་གིས་གུས་ཞབས་དང་བཅས“དགོངས་པ་མ་འཚོམ། སློབ་གཙོ་ལ་བྱ་བ་ཧ་ཅང་མང་བས་ཅུང་ཙམ་སྒུག་རོགས”ཞེས་བཤད་ནས་གཞུང་ལས་ཁང་དུ་སོང་། ཁོང་གཉིས་ཀྱིས་ཕལ་ཆེར་དུས་ཚོད་གཉིས་ཙམ་སྒུག་ཀྱང་སློབ་གཙོའི་གྲིབ་གཟུགས་ཙམ་ཡང་མ་མཐོང་།
མ་གཞི་དྲུང་ཡིག་གིས་སློབ་གཙོ་ཐུག་རྒྱུའི་རེ་ཐག་ཆད་དུ་བཅུག་སྟེ་ཕྱིར་འགྲོ་རུ་འཇུག་བསམ་མོད། རྒན་རྒོན་དེ་གཉིས་ཀྱིས་ཕྱི་དྲོའི་བར་སྒུག་པས་སེམས་ནས་མ་བཟོད་སློབ་གཙོ་ལ་ལན་དུ་མ་ཞུས། ཕྱི་དྲོ་ཙམ་ལ་སློབ་གཙོས་ཀྱང་སུན་སྣང་དང་བཅས་ཁོ་གཉིས་ཐུག་རྒྱུའི་སེམས་ཐག་མ་བཅད་ཀ་མེད་དུ་གྱུར།
སློབ་གཙོས་གུས་ཞབས་དང་བཅས་ཅི་ཡིན་དྲིས་པར། ཁོ་གཉིས་ན་རེ། “ངས་བུ་ད་སྔོན་སློབ་གྲྭ་འདི་ལས་སློབ་སྦྱོང་བྱེད་མྱོང་། ཡིན་ནའང་ལོ་གཅིག་ཙམ་གྱི་རྗེས་སུ་རྐྱེན་ངན་གྱི་དབང་དུ་ཤོར་སོང་། དེ་བས་ངེད་གཉིས་ཀྱིས་སློབ་གྲྭ་འདིར་དྲན་རྟེན་ཞིག་བསྐྲུན་འཆར་ཡོད”ཅེས་བཤད། སློབ་གཙོས་སྐད་ཆ་དེ་ཐོས་མ་ཐག་ཁྲེལ་དགོད་དང་བཅས“སྐུ་ཞབས་དང་ལྕམ་རྣམ་གཉིས་ལགས། ང་ཚོ་སློབ་གྲྭས་སློབ་གྲྭ་འདིར་ཞུགས་ནས་འདས་སོང་ཚད་ལ་འཇིམ་སྐུ་བཟོ་བའི་སྲོལ་གཏན་ནས་ཡོད་མ་རེད། གལ་ཏེ་དེ་ལྟར་བྱས་ན་ང་ཚོའི་སློབ་གྲྭ་དུར་ས་ཞིག་ཏུ་གྱུར་འགྲོ་བ་མ་ཡིན་ནམ”ཞེས་ལན་བཏབས། ཁོང་རྒན་རྒོན་གཉིས་ཀྱིས་སློབ་གཙོའི་སྐད་ཆ་དེ་ཐོས་པ་དང་སྐད་དམའ་མོས“ངེད་གཉིས་ཀྱིས་འདྲ་སྐུ་བཟོ་དགོས་ཟེར་བ་མིན། སློབ་ཁྲིད་ཐོག་ཁང་ཞིག་བསྐྲུན་བསམ་པ་ཡིན”ནན་དུ་ཞུས། སློབ་གཙོ་སྔར་ལས་གད་མོ་ཤོར་ཏེ“ཁྱེད་གཉིས་ཀྱིས་ཐོག་ཁང་ཞིག་ལ་འགྲོ་སོང་ག་ཚོད་དགོས་ཤེས་སམ། ང་ཚོའི་སློབ་གྲྭའི་འཛུགས་སྐྲུན་ཨ་སྒོར་ཁྲི750ལས་བརྒལ་ཟིན”ཞེས་བཤད།
སྐད་ཆ་དེས་རྒན་མོའི་སྨྲ་སྒོ་ཡོངས་སུ་བཅད། རེ་ཞིག་གཞུང་ལས་ཁང་དུ་སྒྲ་གཏན་ནས་མེད་པ་གྱུར། ཡིན་ནའང་རྒན་པོ་དེ་ག་ལེར་འདུག་སྟེགས་ལས་ལང་སྟེ“ཨ་སྒོར་ཁྲི750ཀྱང་སློབ་ཁྲིད་ཐོག་ཁང་ཆེན་མོ་ཞིག་བཞེངས་ཐུབ་ན་ཐོག་ཁང་གཅིག་ཁོ་ན་བཞེངས་ནས་ཅི་བྱེད། ཐད་ཀར་སློབ་གྲྭ་ཞིག་བསྐྲུན་ན་དེ་བས་མི་ལེགས་སམ”ཞེས་གཞུང་ལས་ཁང་ལས་སྒོ་རུ་བུད།
ལོ་དེའི་ལོ་མཇུག་ཙམ་ལ་ཨ་རིའི་ཁཱ་ལིས་ཧྥོར་ནེ་ཡའི་གླིང་ཕྲན་གྱི་སན་ཧྥི་རན་གྲོང་ཁྱེར(美国加州旧金山)དུ་མིང་ལ་ལིས་་ལན་ཊྲི་སི་ཐྲན་ཧྥོར(小利兰·斯坦福)ཟེར་བའི་སྒེར་བཙུགས་སློབ་གྲྭ་ཞིག་བཙུགས། སློབ་གླིང་དེ་ནི་ཧ་ཧྥོར་སློབ་ཆེན་གྱིས་ཁོ་ཚོའི་སྒོ་རར་བཞེངས་སུ་མ་བཅུག་པའི་འཛམ་གླིང་གི་ནོར་བུ་ཞིག་ཡིན་ཏེ། སློབ་གླིང་དེ་ལས་ནོར་སྤེར་བྱ་དགའ་ཐོབ་མཁན་གྱི་མཁས་པ་བརྒྱད་བཅུ་གྱ་གསུམ་དང་ཨོ་ལེན་ཕུག་གསེར་གྱི་གཟེངས་རྟགས་ཐོབ་མཁན་གྱི་མི་སྣ་བརྒྱ་དང་སོ་དགུ། སྒོར་ཁྲི་དུང་ཕྱུར་ཅན་གྱི་ཕྱུག་བདག་བརྒྱ་ཕྲག་བཅས་གསོ་སྐྱོང་གནང་སའི་སློབ་གྲྭ་ཞིག་ཡིན།
2018ལོར་སྡོམ་རྩིས་བྱས་པ་ལྟར་ན་འཛམ་གླིང་སློབ་ཆེན་ཨང་གསུམ་པ་ཡིན་ཞིང་། ཚན་རིག་པ་འབྱུང་སའི་སློབ་གྲྭ་ཨང་དང་པོ་ཡིན་ཏེ། HP(惠普)དང་ཀོའུས་ཀི(谷歌) ཡ་ཧོ(雅虎) ནེ་ཁི(耐克)སོགས་འཛམ་གླིང་ན་གྲགས་པའི་ཚན་རྩལ་གྱི་མཐུན་གཉེར་ཁང་དེ་དག་སློབ་འདི་གའི་སློབ་མས་བཙུགས་པ་ཡིན་ནོ། །
|