མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་གསར་འགྱུར།

མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་གསར་འགྱུར།

      སྤྱི་ལོ༢༠༡༩ལོའི་ཟླ༢པའི་ཚེས༢༠ཉིན། མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་རྣམས་མང་རྫོང་དུ་ཡོད་པའི་བྱང་ཉི་མ་བླ་བྲང་དུད་ཚང་དུ་འཛོམས་ནས་ཐོན་མིའི་ཤེས་རིག་ཁ་པར་ཆེད་འཚོང་ཁང་གི་ལས་རིམ་རྙིང་བར་སྤྱི་སྡོམ་དང་འཆར་གཞི་གསར་བར་ཐག་གཅོད་བྱས་པ་ལས་གཞན།  དམིགས་བསལ་མ་ཡུམ་སློབ་གླིང་གི་དགེ་རྒན་དང་སློབ་མའི་ཕྱོགས་གཉིས་ཀ་ལ་དམིགས་པའི་དགེ་ལས་ཀྱི་བྱ་བ་གཉིས་རེ་བསྒྲུབ་པརའང་འཆར་གཞི་བཀོད་པ་ནི། 
     གཅིག  ད་ལོའི་ལོ་མཇུག་ནས་ལོ་གཅིག་གི་རིང་ལ་སློབ་ཐུན་གཅིག་ལའང་ཆད་མ་མྱོང་བའི་ཕུལ་བྱུང་དགེ་རྒན་རེ་ལ་སྒོར་མོ་ཆིག་སྟོང་གི་བྱ་དགའ་འབུལ་རྒྱུ།
     གཉིས།   སློབ་མས་སྒྲུབ་ཀྱིན་པའི“གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་བསྡུར”ལ་སྒོར་ཉིས་སྟོང་གི་མཐུན་རྐྱེན་སྦྱོར་རྒྱུ་བཅས་སོ།།

གསར་འགོད་པ།  བན་ཤུལ་འབུམ་རྩེ་ཡག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-02-23 ལྟ་ཀློག (3504)