ཉིས་སྟོང་བཅོ་བརྒྱད་ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་ཆེན་མོ།

ཉིས་སྟོང་བཅོ་བརྒྱད་ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་ཆེན་མོ།

   2018.10.2ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་ལུས་རྩལ་འགྲན་ཚོགས་ཆེན་མོ་དངོས་སུ་འགོ་བརྩམས་པ།  སྤྱིར་ན་ལུས་རྩལ་ནི་བདེ་ཐང་གི་ཆ་རྐྱེན་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལུས་རྩལ་ལ་མོས་པ་ནི་བདེ་སྐྱིད་དང་བདེ་ཐང་ལ་དགའ་བས་ཅི་ལ་མིན།  དེ་བས་རང་རེའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཀྱང་ལོ་རེའི་འཆར་ཅན་ལྟར་ལུས་རྩལ་འགྲན་ཚོགས་ཆེན་མོ་རེ་བསྡུ་བཞིན་ཡོད།  ལུས་རྩལ་འགྲན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་སློབ་མ་རང་རང་གི་འཇོན་ནུས་སྔོག་འདོན་དང་སློབ་སྦྱོང་གི་ཞོར་གྱི་ངལ་གསོའམ་སྤྲོ་སྣང་ཡོང་བའི་ཆེད་དུ་ཡིན།  ལུས་རྩལ་གྱི་རྣམ་གྲངས་ཕྱོགས་ནས་ཀྱང་སྔར་བཞིན་རྣམ་གྲངས་མང་བོ་ཡོད་པ་དང་། རིང་རྒྱུག་དང་ཐུང་རྒྱུག   ཐག་འཐེན་དང་ས་སྒྱེ་སོགས་རྣམ་གྲངས་དུ་མ་ཡོད།  དེ་བཞིན་དུ་བྱ་དགའི་རྣམ་གྲངས་ལ་མཚོན་ནའང་སྔར་ལོ་བཞིན་ཨང་རིམ་ལྟར་དུ་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་གཙོ་བྱས་ནས་གྲ་སྒྲིག་བྱས་ཡོད།

འཛིན་གྲྭ་སོ་སོ་ལུས་རྩལ་ཐང་ཆེན་དུ་འཛོམས་པ།

འཛིན་གྲྭ་སོ་སོ་གྲལ་སྒྲིག་ནས་སློབ་གླུ་ལེན་བཞིན་པ།


བསྟན་སྲུང་རུ་དཔུང་ཚང་དང་འཇིགས་མེད་ལབ་ཙེ་རུ་དཔུང་སོགས་འཛིན་གྲྭ་སོ་སོའི་སྔོན་འགྲོའི་སྟ་གོན་གྱི་རྣམ་པ།


འཛིན་གྲྭ་སོ་སོས་རང་རང་གི་སྒྱུ་རྩལ་ལས་ཐོན་པའི་ཐུན་མོང་མ་ཡིན་པའི་ལུས་རྩལ་འཕྲེད་དར་རམ་རུ་དར་སྣ་ཚོགས་མཛེས་བཟོ་བྱས་ཏེ་སྐབས་ཉེར་བཞི་བའི་ལུས་རྩལ་འགྲན་ཚོགས་ཆེན་མོའི་ཡུལ་དངོས་སུ་འབྱོར་བ།


མཐར་ཕྱིན་དང་བོའམ་འཇིགས་མེད་ལབ་ཙེ་རུ་དཔུང་།

མཐར་ཕྱིན་འཛིན་གྲྭ་གཉིས་པའི་ཚབ་མཚོན་རུ་དར།

མཐོ་གཉིས་འཛིན་གྲྭ་དང་བོའི་ཚབ་མཚོན་རུ་དར།

མཐོ་གཉིས་གཉིས་པའི་ཚབ་མཚོན་རུ་དར།

མཐོ་གཅིག་དང་བོའི་ཚབ་མཚོན་རུ་དར།

མཐོ་གཅིག་གཉིས་པའི་ཚབ་མཚོན་རུ་དར།

འབྲིང་གཅིག་དང་བོའི་ཚབ་མཚོན་རུ་དར།

འབྲིང་གཅིག་གཉིས་པའི་ཚབ་མཚོན་རུ་དར།

དམའ་གཅིག་འཛིན་གྲྭའི་ཚབ་མཚོན་རུ་དར།

དམའ་གཉིས་འཛིན་གྲྭའི་ཚབ་མཚོན་རུ་དར།

དངོས་གཞི་འཛིན་གྲྭའི་ཚབ་མཚོན་རུ་དར།

གསར་འགོད་པ།   དགེ་རྒན་རྔ་བའི་དར་རྒྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-10-02 ལྟ་ཀློག (6229)