གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་རྭ་རྒྱའི་མཐར་ཕྱིན་སློབ་མ།

གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་རྭ་རྒྱའི་མཐར་ཕྱིན་སློབ་མ།

    ཕ་ཡུལ་མགོ་ལོག་དགའ་བདེ་ནས་སྐྱེས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་གསུམ་པའི་མཐར་ཕྱིན་སློབ་མ་ཨ་གནམ་ཡེ་ཤེས་རྡོ་རྗེ་ལ་ཁྱུང་རུ་རྟགས་མའི་གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་བསྡུར་སྐབས་དང་པོ་དང་གཉིས་པ་གཉིས་སུ། ངའི་མིང་ཡིག་ཇི་ལྟར་འབྲི་ཞེས་པར་མཐོན་མཐིང་བཻཌཱུརྱའི་ཁྱུང་རུ་རྟགས་མ་དང་འབྲུག་མོའི་ངུ་མ་དགོད་ཀྱི་འགྲུལ་བཞུད་ཅེས་པར་དྲུག་དཀར་གཡུ་ཡི་ཁྱུང་རུ་རྟགས་མ་ཐོབ། སློབ་གླིང་དུ་ཡོད་སྐབས་ཀྱང་བསྟུད་མར་གསུམ་བཟང་སློབ་མའི་གཟེངས་རྟགས་དང་སྐབས་དང་པོའི་གསེར་སྨྱུག་རྟགས་མའི་རྩོམ་ཡིག་འགྲན་སྡུར་སྐབས་ཨང་དང་པོ་སོགས་ཐོབ་མྱོང་ཡོད་ལ།       སྤྱིར་བཏང་མིག་སྔའི་ཆེད་སྦྱོང་ནི་སྐད་ཡིག་དང་རྩོམ་རིག་ལོ་ཙཱ་ཡིན་ལ། རང་ཉིད་ཆུང་དུས་ནས་གློག་བརྙན་ལ་ཤིན་ཏུ་དགའ་བོ་ཡོད་པས་སློབ་ཞོར་དུ་གློག་བརྙན་ཕྱོགས་ཀྱི་ཤེས་བྱ་སློབ་སྦྱོང་ཅི་ནུས་བྱེད་ཞོར་འཁྲབ་གཞུང་གསར་རྩོམ་གྱི་ལས་སུ་ཞུགས་ནས་འཁྲབ་གཞུང་རེ་གཉིས་ལེགས་འགྲུབ་བྱུང་ཞིང་། ལས་ཞོར་རམ་སློབ་ཞོར་གྱི་དགའ་ཕྱོགས་འདི་ལ་གདེང་འཇོག་དང་གྲུབ་འབྲས་ཐོབ་པའི་སྐུལ་མ་དང་རྒྱབ་སྐྱོར་འོག་མུ་མཐུད་དུ་འདིའི་ཕྱོགས་ལ་ཅི་ནུས་ཀྱིས་འབད་པ་བྱེད་ཀྱིན་ཡོད།། 

འགྲན་བསྡུར་སྤེལ་ཡུལ་གྱི་དྲིལ་བསྒྲགས་ས་ཚིགས།

བྱ་དགའ་ལེན་བཞིན་པའི་ཡུལ་དངོས།

བྱ་དགའི་ཤོག་བྱང་།

འབྲུག་མོའི་ངུ་མ་དགོད་ཀྱི་འགྲུལ་བཞུད།

ངའི་མིང་ཡིག་ཇི་ལྟར་འབྲི་ཞེས་པའི་འཁྲབ་གཞུང་གསར་རྩོམ་ལ་མཐོན་མཐིང་བཻཌཱུརྱའི་ཁྱུང་རུ་རྟགས་མ་ཐོབ།

འབྲུག་མོའི་ངུ་མ་དགོད་ཀྱི་འགྲུལ་བཞུད་ཅེས་པར་དྲུག་དཀར་གཡུ་ཡི་ཁྱུང་རུ་རྟགས་མ་ཐོབ།
 གསར་འགྱུར་མཁོ་སྤྲོད་པ།   གསར་འགོད་པ་མེལ་ཚེ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-09-30 ལྟ་ཀློག (5914)