མགོ་ལོག་སྨན་པ་ཏིང་འཛིན་མཆོག་གི་ཉེ་ལམ་གྱི་མཛད་འཕྲིན།

མགོ་ལོག་སྨན་པ་ཏིང་འཛིན་མཆོག་གི་ཉེ་ལམ་གྱི་མཛད་འཕྲིན། 

  ཉེ་ཆར་ཡུལ་མདོ་སྨད་ཀྱི་གསོ་རིག་རབ་འབྱམས་སྨྲ་བ་མགོ་ལོག་སྨན་པ་ཏིང་འཛིན་མཆོག་གིས་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གྲུབ་མཐའ་སོ་སོའི་བླ་གྲྭ་དང་གཡུང་དྲུང་བོན་དང་བཅས་ཕྱོགས་སུ་མ་ཆད་པའི་བོད་ལུགས་གསོ་དཔྱད་པ་བཞི་བརྒྱ་ལྷག་ལ་གཡུ་ཐོག་སྙིང་ཐིག་དང་བདུད་རྩི་བུམ་པའི་སྨིན་གྲོལ་གྱི་དབང་ལུང་ཟབ་མོ་དང་། རྡོ་རྗེ་དབྱུག་པའི་མན་ངག དཔྱད་ལྔའི་ལོག་གནོན་ཐུར་མའི་ལག་ལེན་གྱི་སློབ་ཁྲིད་བཅས་གནང་། གཞན་ཡང་དེང་དུས་ཀྱི་དུས་ངན་ནད་ངན་གསོ་བཅོས་ལ་མེད་ཐབས་མེད་ཅིང་ཁྲིད་རྒྱུན་ཤིན་ཏུ་དཀོན་པ། གདམས་ངག་གི་བཀའ་རྒྱ་ཁྲོལ་དཀའ་བའི་སྨན་དཔྱད་བདུད་རྩི་བུམ་པའི་དབང་ལུང་ཁྲིད་གསུམ་སྐལ་ལྡན་ལས་འཕྲོ་ཅན་གྱི་སློབ་བུ་མང་བོར་གནང་སྟེ་བོད་ཡུལ་གསོ་དཔྱད་ཀྱི་བསྟན་པ་སྔར་ལས་འཕེལ་རྒྱས་སུ་བཏང་བའི་མཛད་འཕྲིན་བསྐྱངས་པ་འདི་ལགས་སོ།།   

 གསོ་རིག་རབ་འབྱམས་སྨྲ་བ་མགོ་ལོག་སྨན་པ་ཏིང་འཛིན་མཆོག་གིས་དབང་ལུང་གནང་བ།  

གཡུ་ཐོག་སྙིང་ཐིག་དང་བདུད་རྩི་བུམ་པའི་དབང་ལུང་གནང་བཞིན་པ།

རྡོ་རྗེ་དབྱུག་པའི་མན་ངག་དང་དཔྱད་བཅོས་ལོག་གནོན་ཐུར་མའི་ལག་ལེན་གྱི་སློབ་ཁྲིད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-04-16 ལྟ་ཀློག (5793)