​​​ སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཨ་རིར་མཛད་འཕྲིན་བསྐྱངས་པ།

 སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཨ་རིར་མཛད་འཕྲིན་བསྐྱངས་པ།  

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གདན་ཞུས་ལྟར་ཨ་རིར་ཕེབས་ནས་ཁོ་ལེན་ཕེའི་ཡ་གཙུག་ལག་སློབ་གྲྭ་ཆེན་མོ་དང་། སྦུར་ཇི་ནེ་ཡ་སློབ་གྲྭ་ཆེན་མོ། ཧྭ་ཧྲིན་ཏུན་སློབ་གྲྭ་ཆེན་མོ་བཅས་སུ་ཕེབས་ཏེ་བོད་ཀྱི་རིག་གཞུང་འཆད་ཁྲིད་ཀྱི་མཛད་འཕྲིན་བསྐྱངས་པ་དང་།  ཕྱིའི་རིག་གནས་དང་སློབ་གསོའི་ཐབས་ལམ་སོགས་ལ་གཟིགས་ཞིབ་མཛད་དེ་ཕྱིར་རྒྱལ་ནང་ལ་ཕེབས་ཤིང་།  དེ་རིང་ཕྱིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་པ་ལ་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་གུས་པ་ཆེན་པོས་བསུ་བ་ཞུས།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཨ་རིར་སློབ་གསོའི་མཛད་འཕྲིན་སྐྱོང་བར་ཞལ་ཕེབས་གནང་བ། 

ཨ་རིར་མཛད་འཕྲིན་གྲུབ་ནས་ཕྱིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཆིབས་བསྒྱུར་གནང་བ། 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་སློབ་དཔོན་མཆོག་ལ་ཕེབས་བསུ་བྱེད་བཞིན་པ།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-04-12 ལྟ་ཀློག (4845)