རིགས་མཐུན་ལས་བརྒལ་བའི་བརྩེ་བ།

2018/02/13 17:06
ཨ་རིའི་བུད་མེདAndreaནི་ཧ་ཅང་བརྩེ་བ་ལྡན་པའི་མི་ཞིག་ཡིན་པ་དང་ཨ་རིའི་མངའ་སྡེ་ཁཱ་ལེ་ཧྥོ་ནེ་ཡའི་ཁི་ལོ་ནའི”གོ་སྐབས་ཐེངས་གཉིས་པའི”སྲོག་ཆགས་རོགས་སྐྱོབ་ས་ཚིགས་ཞེས་པ་རུ་དགེ་ལས་རོགས་འདེགས་བྱ་བ་སྒྲུབ་བཞིན་ཡོད་པ་དང་། ཁོ་མོས་བགྲང་གིས་མི་ལོངས་པའི་ཁྱི་གུ་མང་བོ་བསྐྱབས་པ་ལས་གཞན་རུས་སྦལ་ཞིག་ཀྱང་བསྐྱབས་པ་དང་རང་གི་ཁྱིམ་དུ་ཉར་བ་རེད།
རྒྱུན་གཏན་ལྟར་ན་ལོ་ན་དར་ལ་བབས་ཚེ་རུས་སྦལ་འདིའི་རིགས་ལྗིད་ཚད་རྒྱ་མ200ལྷག་ལ་སླེབས་ཆོག་པ་དང་། ཁོ་མོའི་རུས་སྦལ་འདིའང་ད་ལྟ་ཧ་ལམ་རྒྱ་མ73ལ་སླེབས་ཡོད། ཡིན་ནའངGoliathཞེས་པའི་རུས་སྦལ་འདི་ལ་གྲོགས་པོ་མེད་པས་དུས་རྒྱུན་ཡིད་མུག་པོར་བསྡད་ཡོད།
ཉིན་ཞིགAndreaནས་མི་ཞིག་གིས་ཁྱི་ཕྲུག་ཆུང་ཆུང་བཞི་ཤོག་སྒམ་དུ་བཞག་སྟེ་ས་སྟོང་དུ་འདོར་རྩིས་ཡོད་པ་མཐོང་ནས་སེམས་ཀྱིས་མ་ནུས་པ་རང་འགུལ་གྱིས་བསྐྱབས་པ་རེད།
Andreaཡིས་ཁྱི་ཕྲུག་བཞི་བོ་རང་ཁྱིམ་དུ་ཁྱེར་འོངས་ནས་ཁྱི་ལྡོམ་གཞན་དག་དང་མཚུངས་པར་འོས་འཚམ་གྱི་གནས་ཤིག་འཚོལ་བའི་བར་བདག་སྐྱོང་བྱེད་པར་འདོད་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་ཞིག་ཁོ་མོ་རང་ཁྱིམ་ལོག་དུས་ཁྱི་ཕྲུག་དེ་ཚོའི་གྲིབ་མ་ཙམ་ཡང་མཐོང་ཡུལ་དུ་མི་འདུག
ཁོ་མོས་གང་སར་འཚོལ་བ་ན་པྲ་ཚགས་ཀྱི་ཁྱི་ཕྲུག་དེ་ཚོ་རུས་སྦལGoliathའགྲམ་དུ་གབ་སྦས་བྱས་ནས་བསྡད་འདུག ཁོ་མོས་བཤད་དོན། “ང་ངོ་མ་ཧང་སངས་སོང་། ངས་ཁྱི་གུ་མང་བོ་བསྐྱབས་པ་ཡིན་ནའང་རུས་སྦལ་ལ་དོ་སྣང་བྱེད་མཁན་གཅིག་ཀྱང་མེད། ཧ་ལམ་དེ་ཚོGoliathལ་དེ་འདྲའི་སྤྲོ་སྣང་མེད་པ་དང་འདྲ་བ་དང་། ལུས་བོངས་ཆེ་བ་མཐོང་ནས་སྐྲག་སྣང་གིས་དེ་ལ་རྒྱང་བཀྱེད་དེ་གཡོལ་ཐབས་བྱེད་པ་རེད”ཟེར།
“འོན་ཀྱང་ཁྱི་ཕྲུག་འདི་བཞི་ཀ་རང་འགུལ་གྱིསGoliathའགྲམ་དུ་ཕྱིན་ཡོད་པ་དང་། སྐབས་རེར་དེ་ཚོས་པྲ་ཚེགས་མི་བྱེད་པར་རུས་སྦལ་གྱི་སྒལ་བར་ལངས་སྡོད་པ་ཡིན། Goliathཡང་བྱེད་སྟངས་འདི་ལ་དགའ་མོས་ངང་དེ་ཚོ་ཁུར་ནས་དལ་བུར་གོག་བགྲོད་བྱེད་ཀྱིན་ཡོད། ཕངས་པ་ཞིག་ལGoliathཡི་ལུས་བོངས་དེ་ཙམ་མི་ཆེ་བས། ཁྱི་གུ་གཉིས་རེ་མ་གཏོགས་ཁུར་མི་ཐེག”ཟེར།
མཉམ་དུ་རྩེད་འཇོར་རོལ་བ་ལས་གཞན། ཁྱི་ཕྲུག་ཚོསGoliathདང་མཉམ་དུ་ཟས་ལ་རོལ་གྱིན་ཡོད་ལ། ཧ་ལམ་གྲོགས་པོ་འདིའི་ཟས་ཡིན་ན་ཁྱི་ཕྲུག་ཚོས་དེ་བས་ཀྱང་ཟས་ལ་རྔམ་རོལ་བྱེད་པ་རེད།

Andreaབཤད་དོན། “ངས་ཞིབ་པར་བརྟག་ན། Goliathཡང་ཤིན་ཏུ་སྤྲོ་སྣང་ལྡན་པ་དང་ལོ་ངོ་འདི་འདྲའི་རིང་ཁོ་ལ་གྲོགས་པོ་གང་ཡང་མེེད་པ་དང་ཡིད་མུག་པོའི་ངང་བསྡད་ཡོད། ད་རེབ་གྲོགས་བཟང་ཁྱི་གུ་བཞི་སྡེབ་གཅིག་ཏུ་སླེབས་པས་ཁོ་རང་ཡང་དེ་མ་ཐག་གྲུང་ཤ་དོད་པོར་གྱུར་འདུག”ཟེར་རོ།།
གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།
|