
ཐོན་མི་སཾ་བྷོ་ཊའི་རྣམ་ཐར་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ་ལྷ་ས་རུ་འཚོགས་པ།
དེ་རིང་སྟེ་སྤྱི་ལོ༢༠༡༨ལོའི་སྤྱི་ཟླ་༢ཚེས་༡༩ཉིན་ཐོན་མི་སཾ་བྷོ་ཊའི་རྣམ་ཐར་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ་ཞིག་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་ཀྱིས་གཙོ་སྐྱོང་གནང་སྟེ་བོད་ལྗོངས་བཀྲ་ཤིས་ཕོ་བྲང་གསོལ་མགྲོན་ཁང་དུ་བསྡུས་ཤིང་། ཚོགས་ཐོག་ཏུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལོ་རྒྱུས་རིག་པའི་ཞིབ་འཇུག་པ་ཆེན་མོ་གླིང་དབོན་པདྨ་སྐལ་བཟང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ལོ་རྒྱུས་རིག་པའི་མཁས་དབང་ནོར་བྲང་ཨུ་རྒྱན། བོད་ལྗོངས་སློབ་གྲྭ་ཆེན་མོའི་མཁས་པའི་དབང་བོ་རྡོ་དགོན་གསང་བདག་རྡོ་རྗེ། བོད་ལྗོངས་རིག་གནས་དཔྱད་ཞིབ་ལྟེ་གནས་ཀྱི་འགོ་གཙོ་བསོད་ནམས་དབང་ལྡན། གཞན་ཡང་མཁན་པོ་དམ་ཆོས་ཟླ་བ་སོགས་གྲུབ་མཐའ་ཁག་ཅིག་གི་མཁན་པོ་དང་སྤྲུལ་སྐུ་བཅས་ལོ་རྒྱུས་སྨྲ་བ་དང་ལྷ་རིས་པ་བཅས་མི་སྣ་སུམ་ཅུ་ཙམ་འདུས་ཏེ། དགོངས་ཚུལ་དང་མཛུབ་སྟོན་རྒྱས་པར་གནང་བས་་རིང་མིན་བཞེངས་འགོ་རྩོམ་པའི་ཐོན་མི་སཾ་བྷོ་ཊའི་རྣམ་ཐར་ཞལ་ཐང་ཆེན་མོར་སྔར་ལས་ལྷག་པའི་གདེང་ཚོད་དང་རྨང་གཞིའི་ཁ་ཕྱོགས་ཡག་པོ་ཞིག་རྙེད།
ཕྱོགས་སོ་སོའི་མཁས་པ་རྣམས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་སྐུ་དངོས་ཀྱིས་ཕེབས་བསུ་གནང་བ།

བགྲོ་གླེང་ཚོགས་འདུའི་ཡུལ་ངོས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་མཉམ་པར།
|