གསེར་གཞོངས་དམངས་ཕན་ཤེས་རིག་ཡར་སྐུལ་ཚན་ཆུང་གི་སྤྱི་ཕན་བྱ་འགུལ།

གསེར་གཞོངས་དམངས་ཕན་ཤེས་རིག་ཡར་སྐུལ་ཚན་ཆུང་གི་སྤྱི་ཕན་བྱ་འགུལ།

      རྒྱུས་ལོན་བྱས་པ་ལྟར་ན་སྤྱི་ལོ་༢༠༡༨ལོའི་ཟླ༡བོའི་ཚེས༢༡ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གསེར་གཞོངས་དམངས་ཕན་ཚང་གིས་དགུན་ཁའི་འཆར་གཞི་ལག་བསྟར་བྱས་ཏེ་ཕ་ཡུལ་ནས་ཁོར་སྲུང་བྱ་འགུལ་སྤེལ་འདུག

      ཚན་ཆུང་འདི་ལ་གསེར་གཞོངས་དམངས་ཕན་ཤེས་རིག་ཡར་སྐུལ་ཚན་ཆུང་ཟེར་ཞིང་རྒན་གཞོན་ཉི་ཤུ་ལྷག་གིས་གྲུབ་པའི་ཚོགས་ཆུང་ཞིག་ཡིན། ཚོགས་ཆུང་འདིའི་འགན་འཛིན་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་འཇམ་དབྱངས་བདེ་ལེགས་སམ་གསེར་འཇམ་བདེ་ཡིན་ལ། ཚན་ཆུང་འདི་ཚུགས་པ་ནས་ད་བར་དུ་ལོ་བཞི་ལྷག་འགོར་བའི་ཁྲོད།

    ཚན་ཆུང་འདིའི་བྱ་བའི་གནས་ཚུལ་ལ་གཞིག་ན་ཡུལ་ལུང་འདིར་གད་སྙིགས་ཀྱིས་འབག་བཙོག་བཟོས་པ་ལོ་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་སོང་ཡོད་པར་མ་ཟད་མང་ཚོགས་ཀྱིས་ཁོ་ཚོར་དགའ་བསུ་དང་བཀའ་དྲིན་ཚད་མེད་ཞུ་བཞིན་འདུག

     ཁོར་སྲུང་བྱ་འགུལ་སྤྱིར་བཏང་ལོ་རེར་ཐེངས་བཞི་རེར་སྤེལ་རྒྱུའི་འཆར་གཞི་ཡོད་མོད་ན་ནིང་ནས་བཟུང་ཕྱོགས་ཀུན་ནས་གད་སྙིགས་ཇེ་ཉུང་དུ་སོང་ཡོད་པས་ད་ལོར་ཐེངས་གཉིས་པའི་བྱ་འགུལ་འདི་སྤེལ་རྗེས་ལོ་མཇུག་གི་བྱ་བར་སྤྱི་བསྡོམས་བྱས་ཆོག་པར་གྱུར་ཡོད། དེ་བས་ས་གནས་ཀྱི་ཁོར་སྲུང་འདུ་ཤེས་ཡོངས་ཁྱབ་ཏུ་འགྲོ་བཞིན་པའང་རྟོགས་ཐུབ་པ་མ་ཡིན་ནམ།

གད་སྙིགས་འཐུ་བཞིན་པ།

གད་སྙིགས་འཐུ་བཞིན་པ།

ལོ་མཇུག་བྱ་བའི་སྤྱི་སྡོམ།

ཚོགས་རའི་ཡུལ་དངོས།

ཚོགས་གཙོས་ཚོགས་མི་དག་ལ་བྱ་དགའ་གནང་བཞིན་པ།

ཁོར་སྲུང་གི་འདུ་ཤེས་ཟབ་ཅིང་སྤྱི་ཕན་གྱི་ལས་དོན་སྒྲུབ་པའི་གསེར་གཞོངས་ཁོར་སྲུང་ཚན་ཆུང་།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-01-29 ལྟ་ཀློག (4062)