རྔ་བའི་གསོ་སྦྱོང་འཛིན་གྲྭའི་གསར་འགྱུར།


       དེ་ཡང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཡན་ལག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་བསྡུས་པའི་སྐབས་གསུམ་པའི་གསོ་སྦྱོང་འཛིན་གྲྭ་༢༠༡༨ལོའི་ཟླ་༡བོའི་ཚེས་༥ཉིན་རྔ་བ་རྫོང་གི་གནམ་སྔོན་གསོ་སྦྱོང་ལྟེ་གནས་སུ་བདེ་བླག་ངང་འཚོགས།


      གསོ་སྦྱོང་འདི་ནི་རྭ་རྒྱ་ནས་མཐར་ཕྱིན་པའི་སློབ་གྲོགས་དང་དགེ་རྒན་ཚོས་རྔ་བའི་འབྲེལ་ཡོད་འགོ་ཁྲིད་དག་ལ་ཆོག་མཆན་ཞུས་ཏེ་བསྟུད་མར་ལོ་གསུམ་ལ་བསྒྲུབས་པ་ཞིག་ཡིན་པར་མ་ཟད་སློབ་ཡོན་སྐར་གང་ཡང་མི་དགོས་པར་དགུན་གནང་གི་ཟླ་གཅིག་ལ་དཔེ་ཁྲིད་བྱ་བའི་སྤྱི་ཕན་བྱ་འགུལ་ཞིག་ཡིན།


    ༢༠༡༦ལོར་སློབ་ཞུགས་སློབ་མ་༨༠་ལྷག་དང་།  ༢༠༡༧ལོར་སློབ་ཞུགས་སློབ་མ་༡༦༠ལྷག   ༢༠༡༨ལོ་འདིར་སློབ་ཞུགས་སློབ་མ་༢༠༠ལྷག་ཞུགས་པའི་ནང་རྔ་བ་རྫོང་དང་མགོ་ལོག་གཅིག་སྒྲིལ་རྫོང།  རྨ་ཆུ་རྫོང་། ཁྱུང་མཆུ་རྫོང་།  མཛོད་དགེ་རྫོང་། འཛམ་ཐང་རྫོང་སོགས་ཀྱི་སློབ་འབྲིང་སློབ་མ་རང་མོས་ཀྱིས་ཞུགས་ཏེ་སུམ་རྟགས་དང་དབྱིན་ཡིག་སོགས་ལ་སྦྱོང་བཞིན་ཡོད།


      ཟླ་འདིའི་ཚེས་༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་གསོ་སྦྱོང་སྟེང་ཕེབས་ཏེ་གལ་གནད་ཆེ་བའི་གསུང་བཤད་ཡིད་འཁུལ་བ་མང་བོ་གནང་ཞིང་།  ད་ལོའི་གསོ་སྦྱོང་གི་དགེ་རྒན་སོགས་ལ་གཟེངས་བསྟོད་བྱ་དགའ་དང་ཁོང་གིས་བརྩམས་པའི་ཧྭར་བ་རིན་པོ་ཆེའི་རྟོགས་བརྗོད་མི་ཕམ་རྣམ་པར་རྒྱལ་བའི་རོལ་མོ་ཞེས་པ་སློབ་གྲོགས་ཡོངས་ལ་ལེགས་སྐྱེས་སུ་ཕུལ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-01-13 ལྟ་ཀློག (5142)