སློབ་གླིང་གསར་འགྱུར། 2024ལོའི་སྙན་ངག་གྱེར་འདོན་འགྲན་སྡུར་དབྱངས་ཅན་མགྲིན་སྒྲ།

གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྙན་ངག་གྱེར་འདོན་སྐབས་བཅོ་ལྔ་བ་སྤེལ།

    ངེད་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་ཟླ་འདིའི་ཚེས་༡༤ཉིན་སྙན་ངག་གྱེར་འདོན་འགྲན་སྡུར་དབྱངས་ཅན་མགྲིན་སྒྲ་སྐབས་བཅོ་ལྔ་བ་དངོས་སུ་སྤེལ། ཐེངས་འདིར་སློབ་གླིང་གི་འཛིན་གྲྭ་སོ་སོ་ནས་འགྲན་ཞུགས་པ་གཉིས་རེ་བདམས་ཏེ་འགྲན་སྡུར་ལ་ཞུགས་ཤིང་། བྱ་འགུལ་སྟེང་རང་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་མཆོག་གིས་སྤྱི་སྡོམ་གྱི་གསུང་བཤད་གནང་། ཁོང་གིས་སྙན་ངག་གྱེར་འདོན་སྐབས་སུ་སྐད་ཀྱི་གདངས་དང་ལུས་ཀྱི་ཉམས། ཚིག་གི་དབྱངས་འགྲོས་དང་གཅོད་མཚམས་སོགས་སྙན་ངག་རང་གི་ནང་དོན་ལྟར་ཐོན་དགོས་ཚུལ། སྙན་ངག་གྱེར་འདོན་འདིས་སྤྱི་ཚོགས་ཀྱི་གར་སྟེགས་ཆེན་པོ་ཞིག་བཟུང་ཡོད་པས།འདི་དང་འདི་ལྟ་བུའི་བྱ་འགུལ་ལ་དོ་སྣང་དང་འབད་པ་བྱེད་དགོས་ཚུལ་དང་།སློབ་བུ་ཚོགས་པའི་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་ཁྲོད་དམ་བཅའ་ཆེན་མོ་དང་དམའ་འབྲིང་རིམ་པའི་ལས་བྱ་བྲིས་ལེགས་ཅན་ལ་བྱ་དགའ་གནང་བ་དོན་སྙིང་ལྡན་པ་སོགས་གསུངས་ཏེ་ཐེངས་འདིའི་བྱ་འགུལ་མཇུག་བསྡུས་པ་ཡིན།
ཐེངས་འདིའི་བྱ་དགའི་རིམ་པ། 
ཨང་དང་བོ།  མཐར་ཕྱིན་གཉིས་པའི་སློབ་མ། བློ་བཟང་གྲགས་པ། ཨང་གཉིས་པ།  མཐར་ཕྱིན་དང་བོའི་སློབ་མ། འཁོན་ཐར་རྒྱལ།  མཐར་ཕྱིན་གཉིས་པའི་སློབ་མ་ངག་དབང་། 
ཨང་གསུམ་པ།   མཐོ་གཉིས་དང་བོའི་སློབ་མ། སངས་རྒྱས་མཁར།  འབྲིང་གཅིག་གི་སློབ་མ།  གུ་རུ་ལྷ་ཆེན་འབུམ། འབྲིང་གཉིས་ཀྱི་སློབ་མ། ལྷ་རྩེ་རྒྱལ།  རྟིང་སྐུལ། མཐོ་གཉིས་གཉིས་པའི་སློབ་མ། བསྟན་པ་འོད་ཟེར། མཐོ་གཅིག་དང་བོའི་སློབ་མ། རྡོ་རྗེ་རྒྱལ།  འབྲིང་གཉིས་ཀྱི་སློབ་མ། ཆོས་བརྟན་རྒྱལ། དམའ་རིམ་གྱི་སློབ་མ། ཐུགས་རྗེ་བཟང་།
ལོ་གཅིག་གི་དམ་བཅའ་ཆེན་པོའི་ཁྲོད་མཐོ་གཉིས་གཉིས་པ་ལ་ཕུལ་བྱུང་བྱ་དགའ་ཐོབ། 
ཐེངས་འདིའི་དཔྱད་འདེམ་དགེ་རྒན།                      

དགེ་རྒན་བཟོད་པ་བཟང་བོ། དགེ་རྒན་གྱི་ལིང་འཇིགས་མེད།  དགེ་རྒན་འཕྲིན་ལས་རྒྱ་མཚོ། དགེ་རྒན་སྐལ་ལྡན་རྒྱ་མཚོ། དགེ་རྒན་དབང་ཆེན་རྡོ་རྗེ།                                  གཙོ་སྒྲིག་པ།     སློབ་བུ་ཚོགས་པ།








རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-06-19 ལྟ་ཀློག (529)