སློབ་གླིང་གསར་འགྱུར།
ངེད་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་༢༠༢༤ལོའི་སྟོང་བཙན་བུམ་པ་རྟགས་མའི་དྲ་འཕེན་འགྲན་སྡུར་དེ་གཟའ་འཁོར་སྔོན་མའི་གཟའ་ཕུར་བུའི་ཉིན་འགྲན་སྡུར་མཛད་སྒོ་དངོས་སུ་སྤེལ་ཅིང། སློབ་ཐུན་གྱི་བར་གསེང་སྟེ་ཉིན་གུང་དང་ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་རེས་འཁོར་འགྲན་རྩོད་ཀྱི་རྣམ་པ་ལས་གཟའ་སྤེན་པའི་ཉིན་རྟིང་རྩོད་འགྲན་སྡུར་སྤེལ་བ་ཡིན། དགེ་སློབ་རྣམས་ཀྱི་དགའ་སྤྲོའི་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་འཛིན་གྲྭ་སོ་སོའི་འགྲན་ཞུགས་པ་དག་གིས་རང་རང་གི་རྩལ་དང་ཁྱད་ཆོས་གང་ཡོད་བསྟན་ཏེ་ཧ་ཅང་འཁྲུག་ཆའི་ངང་ཆེས་མཐའ་མཇུག་གི་རྟིང་རྩོད་འགྲན་རིམ་བཀར་ནས་ཐེངས་འདིའི་འགྲན་སྡུར་ཡོངས་སུ་མཇུག་བསྡུས།
ཐེངས་འདིའི་འགྲན་སྡུར་ཁྲོད་མཐར་ཕྱིན་འཛིན་གྲྭ་གཉིས་པ་ལ་ཨང་དང་བོའི་བྱ་དགའ་དང་།
མཐར་ཕྱིན་འཛིན་གྲྭ་དང་བོ་ལ་ཨང་གཉིས་པ།
མཐོ་གཉིས་འཛིན་གྲྭ་གཉིས་པ་ལ་ཨང་གསུམ་པ་དང་།
དགེ་རྒན་རྣམ་པར་རྟིང་སྐུལ་བྱ་དགའ་བཅས་ཐོབ།
ཐེངས་འདིའི་བྱིས་པའི་རུ་ཁག་དག་ལས་མཐར་ཕྱིན་འཛིན་གྲྭ་གཉིས་ལ་ཨང་དང་བོའི་བྱ་དགའ་ཐོབ།
མཐོ་གཅིག་འཛིན་གྲྭ་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ།
ཉིས་སྟོང་ཉེར་བཞི་ལོའི་ཕུལ་བྱུང་ལུས་རྩལ་བ། མཐར་ཕྱིན་གཉིས་པའི་དཀོན་མཆོག་ཐབས་མཁས།
ཡར་རྒྱས་ཆེས་ཆེ་བའི་ལུས་རྩལ་བ། མཐོ་གཉིས་གཉིས་པའི་རང་བྱུང་།
ཉིས་སྟོང་ཉེར་བཞིའི་སྐར་གསུམ་རྒྱལ་བོ། འབྲིང་རིམ་འཛིན་གྲྭ་གཉིས་པའི་ཀརྨ་སྣང་མཛད་བཅས་ལ་བསྔགས་བརྗོད་དང་བྱ་དགའི་བདག་རྐྱེན་གནང་།
ཐེངས་འདིའི་ཤན་འབྱེད་པ་དག་ནི།
སློབ་གཙོ་གཞོན་པ་དགེ་རྒན་གཅོད་པ་ཚེ་རིང་། དགེ་རྒན་བསམ་འཕེལ་རྡོ་རྗེ། དགེ་རྒན་བསོད་ནམས་རྒྱལ།
མཐར་ཕྱིན་གཉིས་པའི་དཀོན་མཆོག་ཐབས་མཁས། བསོད་ནམས་གྲགས་པ། རིན་ཆེན་རྡོ་རྗེ། སྐྱིད་དགའ་བཀྲ་ཤིས།
མཐར་ཕྱིན་དང་བོའི་འཇིགས་མེད་རྒྱ་མཚོ། གཅོད་པ་བཀྲ་ཤིས། མགོན་པོ་དོན་འགྲུབ། མགོན་པོ་སྐྱབས།
མཐོ་གཉིས་གཉིས་པའི་བློ་བཟང་འཇིགས་མེད། ཀླུ་བྱམས་ཚེ་རིང་།
མཐོ་གཉིས་དང་བོའི་བློ་བཟང་ཡེ་ཤེས།
མཐོ་གཅིག་གཉིས་པའི་ཚེ་རིང་དཔལ་ཆེན།
མཐོ་གཅིག་དང་བོའི་སྨན་བླ།
འབྲིང་གཉིས་འཛིན་གྲྭའི་ཀརྨ་མགོན།
འབྲིང་གཅིག་འཛིན་གྲྭའི་འཇིགས་མེད་རྣམ་རྒྱལ། ཆོས་ཉིད་རྒྱ་མཚོ་བཅས་ཡིན།
 














གསར་འགྱུར་མཁོ་འདོན་པ། སློབ་གླིང་ལུས་རྩལ་རྩ་འཛུགས་ཚན་ཆུང་།
|