2024-5-19ཉིན་སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཤང་ཀང་སློབ་ཆེན་སློབ་གསོ་སློབ་གླིང་དང་། ནུབ་བྱང་དགེ་འོས་སློབ་ཆེན་སློབ་གསོ་ཚན་རིག་སློབ་གླིང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་སློབ་གསོ་ཞིང་ཆེད་ཅེས་པའི་རིམ་རྒྱུད་གླེང་སྟེགས་སྐབས་དང་བོ་དང་། ཀྲུང་གོའི་ནུབ་རྒྱུད་གྲོང་གསེབ་སློབ་གསོ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་རུ་ཞུགས་ནས་སློབ་གསོའི་ཕྱོགས་ཀྱི་གསུང་བཤད་གལ་ཆེན་གནང་བ་དང་། དེར་ཞུགས་ཀྱི་སློབ་གསོ་བ་མང་བོར་བསམ་བློ་དང་ཉམས་མྱོང་བརྗེ་རེས་གནང་།




|