སློབ་གླིང་གསར་འགྱུར། ​2024ལོའི་གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར།

2024ལོའི་གཏམ་བཤད་འགྲན་སྡུར་སྤེལ་བ།

     ལོ་རེའི་འཆར་ཅན་ལྟར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གཏམ་བཤད་ནོར་བུའི་ཕྲེང་བ་ཞེས་པའི་གཏམ་བཤད་འགྲན་སྡུར་སྐབས་དགུ་བ་དེ་རིང་སྤེལ་ཅིང་། འགྲན་སྡུར་ལ་འཛིན་གྲྭ་རེའི་འཐུས་ཚབ་མི་སྣ་གཉིས་རེ་ཞུགས། འགྲན་སྡུར་གྱི་བརྗོད་བྱ་གཙོ་བོ་ནི་སློབ་མའི་སྤྱོད་ལམ།  རང་གི་སྐད་ཡིག་སྦྱངས་པའི་དགོས་པ། སློབ་སྦྱོང་གི་ཐབས་ལམ་སོགས་ཡིན་ལ།  འགྲན་ཞུགས་སློབ་མ་དག་གིས་སྤོབས་པ་ལྡན་ཞིང་སྨྲ་ལྕེ་བདེ་ལ། བརྗོད་བྱ་གནད་ལ་འཁེལ་བའི་སྒོ་ནས་གཏམ་བཤད་བྱས་པས་དགེ་སློབ་ཀུན་གྱིས་བསྔགས་བརྗོད་བྱས། 
    ཐེངས་འདིའི་འགྲན་སྡུར་སྟེང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གཏམ་བཤད་འགྲན་སྡུར་གྱི་གལ་ཆེ་བའི་དགེ་མཚན་སྐོར་ནས་གསུང་བཤད་གནང་ཞིང་། མཇུག་ཏུ་བློ་འདོན་པ་བླ་ནག་པ་སྐལ་ལྡན་རྒྱ་མཚོས་འགྲན་སྡུར་ལ་མཇུག་སྡོམ་གྱི་གསུང་བཤད་གནང་ནས་འགྲན་སྡུར་གྱི་མཇུག་བསྡུས། 
ཐེངས་འདིའི་འཐུས་ཚབ་གཏམ་བཤད་པ། དཀོན་མཆོག་ཐབས་མཁས། 
བྱ་དགའ་ཐོབ་མཁན།
ཨང་དང་བོ།  མཐར་ཕྱིན་གཉིས་པའི་དགེ་འདུན་རྒྱ་མཚོ། 
གཉིས་པ།  མཐར་ཕྱིན་དང་བོའི་ཤ་བོ་ཚེ་རིང་དང་།  འབྲིང་གཉིས་འཛིན་གྲྭའི་ལྕགས་བྱམས་རྒྱལ། 
གསུམ་པ།    མཐར་ཕྱིན་དང་བོའི་ཁོན་ཐར་རྒྱལ།     མཐོ་གཉིས་གཉིས་པའི་འཇིགས་བྲལ།   
རྟིང་སྐུལ།   དམའ་རིམ་འཛིན་གྲྭའི་བློ་བཟང་སྙིང་རྗེ།   མཐོ་གཉིས་གཉིས་པའི་ཆོས་དབྱིངས་ལྷུན་གྲུབ།    མཐོ་གཅིག་དང་བོའི་པདྨ་དབང་ཆེན། 
ཕུལ་བྱུང་བྱ་འཛིན་གྲྭ། མཐར་ཕྱིན་དང་བོ། 
ཐེངས་འདིའི་འགྲན་སྡུར་ལ་མཐུན་རྐྱེན་སྦྱོར་མཁན།  ཀུན་བཟང་བཀྲ་ཤིས་དང་།   ནོར་བུ་དབང་ཆེན།  འཇིགས་བྱེད་སྐྱབས།  མང་རྫོང་ཐོན་མིའི་སློབ་ཚོགས་བཅས་ཡིན།
དཔྱད་འདེམས་པ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ། དགེ་རྒན་བཟོད་པ་བཟང་བོ། དགེ་རྒན་ཀརྨ་ལམ་བཟང་། དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོ་སོགས། 
 བློ་འདོན་དགེ་རྒན། བླ་ནག་པ་སྐལ་ལྡན་རྒྱ་མཚོ།
སྐར་གྲངས་སྤྱི་སྡོམ་པ། དགེ་རྒན་རྡོ་རྗེ།   དགེ་རྒན་བསོད་ནམས་རྒྱལ། 
རྩོམ་སྒྲིག་པ།   དཀོན་མཆོག་ཐབས་མཁས། ཀརྨ།  འཇིགས་མེད་ཡེ་ཤེས། བློ་བཟང་འཇིགས་མེད། བློ་གྲོས་སྣང་གསལ།   ཕག་མོ་ཚེ་བརྟན། 
མདོ་འཛིན་པ། སྲས་མཆོག་ཐར།     བློ་བཟང་གྲགས་པ། 
པར་ལེན་པ།   འཇམ་དབྱངས་བཀྲ་ཤིས། 
རམ་འདེགས་པ། སློབ་བུ་ཚོགས་པ། བདེ་སྲུང་ཁང་། སྤྱི་གཉེར་ཁང་། ལྗང་སྒྱུར་ཚན་ཆུང་། 
གཙོ་སྐྱོང་ལས་ཁུངས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

དུས་ཚོད།  ༢༠༢༤-༥-༤ཉིན།












རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-05-16 ལྟ་ཀློག (1575)