སྐབས་གསུམ་པའི་ཚངས་དབྱངས་སྒྱུ་འཕྲུལ་རྟགས་མའི་རིག་རྩལ་འགྲན་སྡུར།
༢༠༢༤ལོའི་སྤྱི་ཟླ་༥ཚེས་༡༣ཉིན་ངེད་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་གྱི་རིག་རྩལ་འགྲན་སྡུར་ཚངས་དབྱངས་སྒྱུ་འཕྲུལ་རྟགས་མ་ཞེས་པ་སྐབས་གསུམ་པ་དངོས་སུ་སྤེལ་ཞིང་། དེ་ལ་དམངས་གླུ་དང་། རྡུང་ལེན། གླུ་དབྱངས་བཅས་རིགས་གསུམ་གྱི་འགྲན་སྡུར་མཉམ་གཅིག་ཏུ་སྤེལ། ཐེངས་འདིར་སློབ་གླིང་གི་འཛིན་གྲྭ་སོ་སོ་ནས་འགྲན་ཞུགས་པ་རྣམ་གྲངས་གསུམ་ལ་སློབ་མ་གཅིག་རེ་བདམས་ཏེ་ཁྱོན་འཛིན་གྲྭ་དགུ་འགྲན་སྡུར་དངོས་ལ་ཞུགས་ཤིང་། བྱ་འགུལ་མཇུག་ཏུ་རང་སློབ་གླིང་གི་དགེ་རྒན་སྐལ་ལྡན་རྒྱ་མཚོ་ལགས་ཀྱིས་ཐེངས་འདིའི་རིག་རྩལ་འགྲན་སྡུར་དང་འབྲེལ་ནས་སྤྱི་སྡོམ་གྱི་གསུང་བཤད་གནང་། ཁོང་གིས་རིག་རྩལ་འགྲན་སྡུར་སྐབས་སྐད་ཀྱི་གདངས་དང་ལུས་ཀྱི་ཉམས་འགྱུར་སོགས་ཐོན་དགོས་ཚུལ་ལས་འཕྲོས་ཏེ་གཞུང་ལུགས་དང་འབྲེལ་ནས་རིག་རྩལ་གྱི་རྒྱུན་ཤེས་སྐོར་ངོ་སྤྲོད་དང་། བོད་རང་ལ་མཚོན་ན་ལྷག་པར་དམངས་གླུ་གལ་ཆེ་ཚུལ་སོགས་ཀྱི་གསུང་བཤད་གནང་། གཞན་རང་སློབ་གླིང་གི་རྒན་མགོན་པོ་སྐྱབས་ལགས་ཀྱིས་སྔ་རྗེས་སུ་རྡུང་ལེན་སྙན་མོ་དག་གིས་དགེ་སློབ་ཡོངས་ལ་སྤྲོ་སེམས་སྦྱིན་ཏེ་ཐེངས་འདིའི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས།
ཐེངས་འདིའི་བྱ་དགའི་རིམ་པ།
དམངས་གླུའི་འགྲན་སྡུར།
ཨང་དང་བོ་ཐོབ་མཁན།
མཐོ་གཉིས་དང་བོའི་སྙན་འདུས།
ཨང་གཉིས་པ་ཐོམ་མཁན།
མཐར་ཕྱིན་དང་བོའི་ལྷ་ཆེན་རྒྱལ།
ཨང་གསུམ་པ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་མཁའ་འགྲོ་བཀྲ་ཤིས།
རྡུང་ལེན་འགྲན་སྡུར།
ཨང་དང་བོ་ཐོབ་མཁན།
མཐོ་གཉིས་གཉིས་པའི་བསྟན་པའི་རྒྱལ་མཚན།
ཨང་གཉིས་པ་ཐོབ་མཁན།
མཐར་ཕྱིན་དང་བོའི་པད་མ་དོན་འགྲུབ།
ཨང་གསུམ་པ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་བཀྲ་ཤིས་ཕུན་ཚོགས།
མཐོ་གཅིག་གཉིས་པའི་ཟླ་བ་ཚེ་རིང་།
གླུ་དབྱངས་འགྲན་སྡུར།
ཨང་དང་བོ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་ཐུབ་བསྟན་ཉི་མ།
ཨང་གཉིས་པ་ཐོབ་མཁན།
མཐོ་གཉིས་དང་བོའི་འཕྲིན་ལས་རྡོ་རྗེ།
ཨང་གསུམ་པ་ཐོབ་མཁན།
དཔལ་མགོན་འཕྲིན་ལས་བཅས་སོ།།















|