
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་བདེ་ཐང་ལ་དམིགས་ནས་ལོ་རེར་བྱ་འགུལ་གྱི་རྣམ་གྲངས་མང་བོ་ཞིག་སྤེལ་གྱིན་ཡོད་པ་ལས། ལོ་རེ་འཆར་ཅན་བཞིན་དུ་སྤེལ་བའི་ད་ལོའི་སྲོང་བཙན་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ཆེན་མོ་དེ་གཟའ་འཁོར་གཅིག་རིང་འཛིན་གྲྭ་སོ་སོའི་རྒྱལ་ཕམ་གྱི་འགྲན་སྡུར་བརྒྱུད་ནས་༢༠༢༤ལོའི་སྤྱི་ཟླ་༤ཚེས་༡༣ཉིན་དངོས་སུ་ཆེས་མཐའ་མཇུག་གི་རྟིང་རྩོད་འགྲན་སྡུར་འཚོགས་ཤིང་། སློབ་གླིང་སྤྱིའི་ལུས་རྩལ་རྩ་འཛུགས་ཚན་ཆུང་གིས་གཙོས་པའི་དགེ་རྒན་དང་ལས་བཟོ་བ་ཡོངས་མགོ་མཇུག་བར་གསུམ་དུ་མཉམ་ཞུགས་ཀྱིས་བཀོད་སྒྲིག་དང་ལྟ་རྟོག་ལེགས་པོ་བྱས་པར་མ་ཟད། དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ཕེབས་ནས་རྐང་དྲུག་འགྲན་སྡུར་ལ་གཟིགས་པ་དང་། ཁོང་སྐུ་དངོས་ཀྱིས་འགྲན་སྡུར་ལས་རྒྱལ་བའི་འཛིན་གྲྭ་དང་ཕུལ་བྱུང་ལུས་རྩལ་བ་རྣམས་ལ་གཟེངས་རྟགས་གནང་།
ཐེངས་འདིའི་སྲོང་བཙན་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ཁྲོད་ཨང་དང་བོ་མཐར་ཕྱིན་དང་བོ་དང་། ཨང་གཉིས་པ་མཐོ་གཉིས་དང་བོ། ཨང་གསུམ་པ་མཐོ་གཅིག་དང་བོ། ཨང་བཞི་བ་མཐར་ཕྱི་་གཉིས་པར་ཐོབ་ཅིང་། མཐོ་གཉིས་དང་བོའི་ཀླུ་འབུམ་ཚེ་རིང་ལ་ཐེངས་འདིའི་ཕུལ་བྱུང་རྐང་གྲུག་པ་དང་། མཐར་ཕྱིན་དང་བོའི་པདྨ་དོན་གྲུབ་ལ་ཐེངས་འདིའི་ཕུལ་བྱུང་སྒོ་སྲུང་བའི་གཟེངས་རྟགས་ཐོབ།
ཐེངས་འདིའི་དགེ་རྒན་ཤན་འབྱེད་པ་ནི་དགེ་རྒན་ནོར་བུ་རྒྱལ་མཚན། དགེ་རྒན་བསམ་འཕེལ། དགེ་རྒན་བསོད་ནམས་རྒྱལ་བཅས་ཡིན།
སློབ་མ་ཤན་འབྱེད་པ་ནི་གཅོད་པ་ཚེ་རིང་། སྐྱིད་དགའ། བཀྲ་ཤིས་དོན་གྲུབ། རྡོ་རྗེ་རིན་ཆེན། པདྨ་རྡོ་རྗེ། པདྨ་སྐྱབས། མཁར་བྱམས་རྒྱལ། དཀོན་མཆོག་སྐྱབས། ཚེ་བརྟན། རབ་བརྟན་བཅས་ཡིན།









|