དགེ་རྒན་ཆེན་མོ་དཀོན་​མཆོག་བསྟན་འཛིན།

དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན།

    དཀོན་མཆོག་བསྟན་འཛིན། ༡༩༥༠ ལོར་ཁམས་ཉག་རོང་དུ་སྐྱེས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རི་མོའི་སྒྱུ་རྩལ་སྡེ་ཚན་ནས་སློབ་མཐར་ཕྱིན། 

 སྔ་རྗེས་སུ་སི་ཁྲོན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་། དཀར་མཛེས་ཁུལ་རྩོམ་སྒྱུར་ཁང་གི་གཙོ་འགན་དང་།  དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར། 

༢༠༠༦ ལོར་ལྷོ་ནུབ་མི་རིགས་སློབ་གྲྭས་ཤེས་ཅན་གདན་ཞུས་ལྟར་ལས་གནས་སྤོས་ཏེ་སློབ་གྲྭ་འདིའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པའི་འགན་ཁུར།

༢༠༡༦ལོར་སི་ཁྲོན་སློབ་ཆེན་གྱིས་གདན་ཞུས་ལྟར་སི་ཁྲོན་སློབ་ཆེན་ཧེ་མ་ལ་ཡ་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་དང་ཞིབ་འཇུག་པའི་འགན་ཁུར།

   བརྩམས་ཆོས་གཙོ་བོར། རྒྱལ་ཁབ་དཔེ་དེབ་ཀྱི་བྱ་དགའ་ཐོབ་པའི༼བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ༽རྒྱ་ཡིག་གི་སྟོད་ཆ་དང་སྨད་ཆ། རྒྱལ་ཡོངས་དཔེ་བཟང་ཨང་གཉིས་པའི་བྱ་དགའ་ཐོབ་པའི་༼བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ༽བོད་ཡིག་གི་སྟོད་ཆ་དང་སྨད་ཆ། རྒཡལ་ཁབ་དཔེ་དེབ་ཀྱི་བྱ་དགའ་ཐོབ་པའི་༼སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་བོད་བརྒྱུད་ཐང་གའི་པར་ཤིང་ཀུན་འདུས༽ ཇོ་མོ་གླང་མའི་གཟེངས་རྟགས་ཨང་གཉིས་ཐོབ་པའི༼ བཟོ་གནས་སྐྲ་རྩེའི་ཆུ་ཐིགས་༽སོགས་དཔེ་ཆ་བཅོ་བརྒྱད་ཙམ། རྩོམ་ཡིག་རིགས་བརྒྱ་ལ་ཉེ་བ། པར་རིས་དང་སློབ་དེབ་སོགས་མང་པོ་ཡོད།

      སྔ་གཞུག་ཏུ། རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་དང་། རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་སོགས་ཐེངས་ཉེར་གསུམ་སོང་།

   ད་ལྟ་རྒྱལ་ཁབ་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་༼བོད་ལྗོངས་ཁྱད་ལྡན་རིག་གནས་མཛོད་ཆེན་༽ལས་གཞིའི་ཆེད་མཁས་ཨུའི་ཀྲུའུ་རེན་དང་། ༼བོད་རྒྱ་བཀའ་བསྟན་དན་གྲངས་ཆེན་མོ༽ལས་གཞི་སྤྱིའི་བཀོད་འདོན་པ། ཀྲུང་གོའི་ཐང་ག་སྒྱུ་རྩལ་ཆེད་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན། རྒྱལ་སྤྱི་ཐང་ག་དུས་སྟོན་ཆེན་མོའི་རྒྱུན་ལས་ཀྲུའུ་རིན་གཞོན་པ་སོགས་ལས་སྣ་མང་པོའི་འགན་ཁུར་བཞིན་ཡོད།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2023-06-18 ལྟ་ཀློག (1711)