སློབ་གླིང་གསར་འགྱུར།
སྤྱི་ལོ་2023.5.17ཉིན་ངེད་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་གཞི་ལྟར་༼གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར་༽སྐབས་བརྒྱད་པ་སྤེལ། ཐེངས་འདི་འགྲན་སྡུར་ལ་འཛིན་གྲྭ་རེའི་མི་གཉིས་རེ་དང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཐུས་ཚབ་པ་སློབ་མ་བཞི་བཅས་འགྲན་སྡུར་ལ་ཞུགས་ཤིང་། ལོ་རེ་རེའི་གཏམ་བཤད་ཀྱི་བརྗོད་བྱའི་ཁ་ཕྱོགས་མི་འདྲ་བ་བཞིན་ད་ལོར་མི་ཚེའི་རིན་ཐང་གི་སྐོར་དང་། བོད་དུ་སྐྱེས་པའི་བསོད་ནམས། བདེ་ཐང་གལ་ཆེ་བའི་སྐོར་གང་རུང་བཅས་ཀྱི་ཐད་ནས་གཏམ་བཤད་བྱས། གཏམ་བཤད་འགྲན་ཞུགས་པ་རེ་རེས་གྲ་སྒྲིག་ཕུན་སུམ་ཚོགས་པར་མ་ཟད། བརྗོད་བྱ་གནད་ལ་ཁེལ་ཞིང་རྗོད་བྱེད་གསལ་ལ་དག་པ་སོགས་སོ་སོའི་ངོས་ཐད་ཀྱི་གྲུབ་འབྲས་བཟང་བོ་བླངས། དེ་བཞིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཐེངས་འདིའི་གཏམ་བཤད་དང་འབྲེལ་ནས་གསུང་བཤད་གྱ་ནོམ་པ་གནང་།
མཇུག་མཐར་གཏམ་བཤད་འགྲན་སྡུར་གྱི་འགན་ཁུར་བ་དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོའམ་གཟི་མིག་གསུམ་པས་འགྲན་སྡུར་ལ་མཇུག་སྡོམ་གྱི་ཚུལ་དུ་གསུང་བཤད་གྱ་ནོམ་པ་གནང་བ་དང། བྱ་དགའ་ཐོབ་པའི་སློབ་གྲོགས་བཅུ་བོ་དང་ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ལ་གཟེངས་རྟགས་གནང་ཞིང་། ཐེངས་འདིའི་འགྲན་སྡུར་ལ་དངུལ་ལོར་གྱིས་རྒྱབ་སྐྱོར་གནང་མཁན་གྱི་སྦྱིན་བདག་དག་ལ་དྲིན་གཟོའི་རྟགས་མ་ཕུལ་ནས་འགྲན་སྡུར་ཡོངས་སུ་མཇུག་བསྡུས།
བྱ་དགའ་ཐོབ་མཁན།
ཨང་དང་བོ། མཐོ་གཉིས་དང་བོའི་ཤ་བོ་ཚེ་རིང་།
གཉིས་པ། མཐོ་གཅིག་གཉིས་པའི་ཕུན་ཚོགས་ཆོས་འཕེལ་དང་། དངོས་གཞི་འཛིན་གྲྭའི་རིན་ཆེན་རྟ་མགྲིན།
གསུམ་པ། མཐར་ཕྱིན་གཉིས་པའི་རྟ་མགྲིན་སྐྱབས་དང་། རྩྭ་ཐང་བུ་མོའི་སློབ་གྲྭའི་གུ་རུ་མཚོ། ཤེར་མཛེས་མཚོ།
རྟིང་སྐུལ། དངོས་གཞི་འཛིན་གྲྭའི་འཛིན་པ་རང་གྲོལ་དང་། དམའ་གཉིས་འཛིན་གྲྭའི་སྐར་མ་མགོན། མཐོ་གཅིག་འཛིན་གྲྭའི་བློ་བཟང་སངས་རྒྱས། འབྲིང་གཅིག་གི་བྱང་ཆུབ་རྡོ་རྗེ།
ཕུལ་བྱུང་བྱ་དགའ་ཐོབ་མཁན། རྩྭ་ཐང་བུ་མོའི་སློབ་གྲྭ།
ཐེངས་འདིའི་འགྲན་སྡུར་ལ་སྦྱིན་བདག་གནང་མཁན།
སུ་ཁྲོན་མཛོད་དགེ་རྫོང་གི་གླིང་བའི་བྱམས་པ། སུ་ཁྲོན་ཁྱུང་མཁྱུ་རྫོང་གི་ཨ་མདོའི་བུ་ཆུང་། མང་རྫོང་ཐོན་མིའི་སློབ་ཚོགས།༼ལོ་རེ་བཞིན་སྒོར་སྟོང་གཉིས་རེས་རྒྱབ་སྐྱོར་གནང་གིན་ཡོད།༽
དཔྱད་འདེམས་པ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ། དགེ་རྒན་བཟོད་པ་བཟང་བོ། དགེ་རྒན་གྱི་ལིང་འཇིགས་མེད། དགེ་རྒན་དམེ་ཚང་ཨ་ལགས། དགེ་རྒན་དགའ་རབས། དགེ་རྒན་བློ་བཟང་ཚེ་རིང་།
བློ་འདོན་དགེ་རྒན། བླ་ནག་པ་སྐལ་ལྡན་རྒྱ་མཚོ།
སྐར་གྲངས་སྤྱི་སྡོམ་པ། དགེ་རྒན་ཨ་མཆོག་མགོན་པོ་སྐྱབས། དགེ་རྒན་པདྨ་དོན་འགྲུབ།
རྩོམ་སྒྲིག་པ། འཇིགས་མེད་བསྟན་འཛིན། ངག་དབང་དགེ་འདུན། དཀོན་མཆོག་ཐབས་མཁས། ཀརྨ། འཇིགས་མེད་ཡེ་ཤེས། བློ་བཟང་འཇིགས་མེད།
མདོ་འཛིན་པ། གཡང་རྟེན། རྣམ་མགོན་ཐར།
པར་ལེན་པ། ཀརྨ་ཚེ་བརྟན། བློ་བཟང་འཇམ་དཔལ།
རམ་འདེགས་པ། སློབ་བུ་ཚོགས་པ། བདེ་སྲུང་ཁང་། སྤྱི་གཉེར་ཁང་། ལྗང་སྒྱུར་ཚན་ཆུང་།
གསར་འགོད་པ། སྐབས་བརྒྱད་པའི་གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།
གཙོ་སྐྱོང་ལས་ཁུངས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།
དུས་ཚོད། 2023.5.17







|