​སློབ་གླིང་གསར་འགྱུར། འཛམ་གླིང་དཔེ་ཀློག་ཉིན་མོའི་བྱ་འགུལ།

སློབ་གླིང་གསར་འགྱུར། འཛམ་གླིང་དཔེ་ཀློག་ཉིན་མོ། 

   ཉེ་ལམ་མགོ་ལོག་ཁུལ་ཁྱབ་སྒྲོག་པུའུ་དང་། ཁུལ་རྩོམ་རྒྱང་སྒྲོག་ལས་ཁུངས། ཁུལ་དཔེ་མཛོད་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་སྐབས་ཉེར་བརྒྱད་པའི་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བའི་བྱ་འགུལ་དུ་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ་བ་ལ། ཁུལ་ཡོངས་ཀྱི་སློབ་གྲྭ་དང་ལས་ཁུངས་མང་བོ་དངོས་སུ་འགྲན་སྡུར་ལ་ཞུགས། ངེད་སློབ་གླིང་ཡང་འགྲན་སྡུར་དེར་ཞུགས་པས་སློབ་མ་གསུམ་ལ་རྟིང་རྩོད་འགྲན་སྡུར་ཁྲོད་བྱ་དགའ་ཐོབ། དེ་ལ་སློབ་བུ་བློ་བཟང་གྲགས་པ་ལ་བོད་སྐད་ཀྱི་སྙན་ངག་འགྲན་སྡུར་ཁྲོད་ཨང་གཉིས་པ་དང་། གནམ་མགོན་ཐར་ལ་ཕུལ་བྱུང་བྱ་དགའ། དེ་བཞིན་རྒྱ་སྐད་ཀྱི་སྙན་ངག་འགྲན་སྡུར་ཁྲོད་སློབ་བུ་བསྟན་འཛིན་ཟླ་བ་ལ་ཨང་གཉིས་པའི་བྱ་དགའ་ཐོབ། 

 

  གསར་འགོད་པ། གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-25 ལྟ་ཀློག (1496)