ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔེ་ཀློག་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གནང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་དཔེ་ཀློག་ལ་མཐོང་ཆེན་གནང་ནས་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་ཐད་སྐུལ་འདེད་ཧུར་ཐག་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་དཔེ་ཀློག་མང་ཙམ་བྱེད་པ་དར་སྤེལ་བཏང་སྟེ་དཔེ་ཀློག་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱས་ནས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་བཏང་བ་ཡིན་ན། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་དེ་བས་རྒྱ་ཆེན་གཏིང་ཟབ་པ་ཞིག་ཡོང་ཐུབ་ཅེས་བསྟན་གནང་བ་རེད། སྤྱི་ཟླ4པའི་ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས28པ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་དར་སྤེལ་དང་སྐུལ་འདེད་བཏང་བར་བརྟེན་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།དཔའ་མཛངས་རྟུལ་ཕོད་ངང་རྒྱང་ལམ་གསར་པར་བསྐྱོད་པ་ལ་བསམ་པའི་སྟོབས་ཤུགས་དང་རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་གཅིག་ཏུ་འགྲིལ་ཡོད།

    ལོ་གཅིག་གི་སྔོན་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་དང་པོ་གཉེར་བར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་དཔེ་ཀློག་ནི་མིའི་རིགས་ལ་ཤེས་བྱ་ཐོབ་པ་དང་བློ་གྲོས་འཕེལ་བ། ཀུན་སྤྱོད་གསོ་སྐྱོང་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་བསམ་པའི་བློ་སྒོ་འབྱེད་ཐུབ་པ་དང་བླ་ན་མེད་པའི་ཕུགས་བསམ་གཏོད་ཐུབ་པར་མ་ཟད། བློ་སྟོབས་ཀྱང་ཆེན་པོར་འཕེལ་ཐུབ་པ་ཡིན་ཞེས་བསྟན་གནང་ཡོད།

  དཔེ་ཀློག་མང་ཙམ་བྱ་བ་དར་སྤེལ་བཏང་ནས་དཔེ་ཀློག་ཅན་གྱི་སྤྱི་ཚོགས་འཛུགས་པ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉམས་ལེན་འབད་སྒྲུབ་དང་སྣེ་ཁྲིད་དཔེ་སྟོན་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་དུས་མི་འདྲ་བར་ཁོང་དང་དཔེ་དེབ་བར་གྱི“འབྲེལ་ལམ་བྲལ་ཐབས་མེད་པའི”སྐོར་ཐེངས་མང་གསུངས་ནས་ཚང་མས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བཅས་བྱ་དགོས་པའི་སྐུལ་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དར་སྤེལ་ཤུགས་ཆེན་དང་སྐུ་ངོ་མའི་སྐུལ་འདེད་འོག་རྒྱལ་ཡོངས་ས་གནས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་བྱེད་སྒོ་ལས་ཀྲུང་ཧྭའི་ས་གཞི་ཆེན་མོར་དཔེ་ཀློག་གི་རྣམ་པས་ཁེངས་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་ཕྱིན་ཡོད། 2016ལོར་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རྩ་གནད་ནང་དམངས་ཡོངས་ཀྱི་དཔེ་ཀློག་དེ་རིག་གནས་ཀྱི་འདུ་འགོད་གལ་ཆེན་ནང་བཅུག་ནས《དམངས་ཡོངས་ཀྱི་དཔེ་ཀློག་གི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་གི་འཕེལ་རྒྱས་འཆར་འགོད》དང་ཆབས་ཅིག་བསྒྲགས་ནས་དམངས་ཡོངས་ཀྱི་དཔེ་ཀློག་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་པ་རེད།   

    2020ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས《དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་། 2021ལོར་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་ནང་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔེ་ཀློག་གིས་ཕྱུག་པའི་ཀྲུང་གོ་འཛུགས་སྐྱོང་བྱ་དགོས་ཞེས་ཁ་གསལ་བཏོན་ཡོད།

   དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་ལ་རྒྱུན་ཆད་མེད་པར་རང་ལ་ཡིད་ཆེས་དང་འབད་འཐབ་ཀྱི་བསམ་པའི་སྟོབས་ཤུགས་ལྡན་པར་བྱ་དགོས། དམངས་ཡོངས་ཀྱིས་སློབ་སྦྱོང་དང་ཚེ་གང་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་ཤུགས་སྣོན་པར་མཐོང་ཆེན་གནང་སྟེ། ཚང་མས་དཔེ་ཀློག་སློབ་སྦྱོང་དང་། ལུས་གཅུན་སེམས་སྐྱོང་། འཇོན་ནུས་ཆེར་གཏོང་བཅས་ནས་སྣེ་ཁྲིད་དགོས་པའི་བླང་བྱ་བཏོན་གནང་ཡོད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-25 ལྟ་ཀློག (1495)