ཉི་ཧོང་གི་འཛམ་གླིང་ཡང་རྩེ་བཅུ།


ཉི་ཧོང་གི་འཛམ་གླིང་ཡང་རྩེ་བཅུ།  

སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།

དང་པོ།  ཉི་ཧོང་གི་ནགས་ཚལ་ཁེབས་ཚད་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  ནགས་ཚལ་གྱིས་རྒྱལ་ཁབ་མངའ་ཁོངས་རྒྱ་ཁྱོན་གྱི68.5%ཟིན་ལ།  དབྱང་གཉིས་ཐྰན་རྫས་ཕྱིར་གཏོང་ཚད་ཆེས་ཉུང་བའི་རྒྱལ་ཁབ་ཡིན།  

གཉིས་པ།  གད་སྙིགས་ཕྱིར་བསྡུ་གནོད་མེད་ཅན་དུ་བསྒྱུར་ཚད་འཛམ་གླིང་ཨང་དང་པོ་སྟེ།   སྤྱི་ལོ1980ལོ་ནས་བཟུང་ད་ལྟའི་བར་གད་སྙིགས་རིགས་དབྱེ་ནས་ཕྱིར་བསྡུ་བཞིན་ཡོད་ལ།  ཉི་ཧོང་ནི་འཛམ་གླིང་ཡོངས་ཀྱི་གད་སྙིགས་ཕྱིར་བསྡུ་གཙང་སེལ་བྱས་པ་ཆེས་ལེགས་པའི་རྒྱལ་ཁབ་ཡིན།  

གསུམ་པ།   ཉི་ཧོང་གི་མིའི་ཚེ་ཐག་རིང་ཚད་བསྟུད་མར་ལོ་ཉི་ཤུ་ལ་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  ཉི་ཧོང་གི་མིའི་ཆ་སྙོམ་གྱི་ཚེ་ཐག་རིང་ཚད་ལོ84.6ཡིན།  

བཞི་བ།  ཉི་ཧོང་གི་སྨན་བཅོས་མ་ལག་བསྟུན་མར་ལོ་གཉིས་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་གི་ཨང་དང་པོར་བདམས་ཤིང་།   སྨན་བཅོས་ཆུ་ཚད་དང་སྨན་རིན་འཁུར་ཚད་ཀྱི་དྲང་བདེན་རང་བཞིན་ལ་དགའ་བསུ་བླ་མེད་ཐོབ་ཡོད།

ལྔ་བ།   ཉི་ཧོང་གི་འོས་འགན་སློབ་གསོའི་ཁྱབ་ཚད་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  ཉི་ཧོང་གི་དམའ་རིམ་སློབ་གསོའི་སློབ་གྲྭར་ཞུགས་ཚད100%ཡིན་ཞིང་།  འབྲིང་རིམ་སློབ་གསོའི་སློབ་གྲྭར་ཞུགས་ཚད99%ཡིན།    ཉི་ཧོང་གིས་སྤྱི་ལོ༢༠༠༡ལོར་མ་འོངས་པའི་ལོ་འཁོར་ལྔ་བཅུའི་ནང་ནོ་པེར་བྱ་དགའ་སུམ་ཅུ་ལེན་རྒྱུའི་འཆར་གཞི་བཟོས་ཤིང་། སྤྱི་ལོ༢༠༢༡ལོའི་བར་ཉི་ཧོང་གིས་ཁྱོན་བསྡོམས་ནོ་པེར་བྱ་དགའ་ཉེར་དགུ་བླངས་ཟིན།  

དྲུག་པ། ཉི་ཧོང་གི་འཕྲུལ་མིའི་ཐོན་ལས་འཛམ་གླིང་གི་ཨང་དང་པོ་ཡིན་ལ།   འཛམ་གླིང་གི་བཟོ་ལས་འཕྲུལ་མིའི་མཁོ་སྤྲོད་ཚད་ཀྱི45%བཟུང་ཡོད་ཅིང་།  འཛམ་གླིང་གི་འཕྲུལ་མིའི་ཁེ་ལས་ཆེན་པོ་བཅུའི་ཁྲོད་དུ་ཉི་ཧོང་གི་འཕྲུལ་མིས་ཕྱེད་ཀ་ཟིན་ཡོད།  

བདུན་པ། ཉི་ཧོང་གི་འགུལ་རིས་ཐོན་ལས་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  ཉི་ཧོང་ནི་འཛམ་གླིང་འགུལ་རིས་ཕྱིར་གཏོང་གི་རྒྱལ་ཁབ་ཆེས་ཆེ་བ་ཡིན་ཞིང་།  འཛམ་གླིང་གི60%ཚོང་ར་བཟུང་ཡོད།  

བརྒྱད་པ།   ཉི་ཧོང་གི་ལོ་བརྒྱ་ཕྲག་བརྒལ་བའི་གསར་གཏོད་ཁེ་ལས་གྲངས་ཀ་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  སྤྱི་ལོ༢༠༢༢ལོའི་བར་སྡོམ་རྩིས་ལྟར་ན་ལོ་བརྒྱ་བརྒལ་བའི་ཁེ་ལས་ཁྲི་བཞི་ལྷག་ཡོད།  

དགུ་བ།  ཉི་ཧོང་གི་སྤྱི་ཚོགས་བདེ་འཇགས་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  ཏུང་ཅིན་དེ་སྔ་བསྟུད་མར་ཐེངས་གསུམ་ལ་འཛམ་གླིང་བདེ་འཇགས་ཀྱི་ཚད་གཞི་ཆེས་མཐོ་བའི་གྲོང་ཁྱེར་དུ་བདམས།  

བཅུ་བ།  ཉི་ཧོང་གི་ཕྱི་རྒྱལ་ལམ་ཡིག་ཁས་ལེན་ཚད་བསྟུད་མར་ལོ་ལྔ་ལ་འཛམ་གླིང་གི་ཨང་དང་པོ་ཡིན་ལ།   ཉི་ཧོང་ལམ་ཡིག་གིས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་དགུ་བཅུ་གོ་གཉིས་ནས་མིང་རྟགས་འགོད་མི་དགོས་སོ།།    



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-09 ལྟ་ཀློག (3127)