༧​སྐྱབས་རྗེ་ལ་མོའི་ཡོངས་འཛིན་རིན་པོ་ཆེས་རྭ་རྒྱའི་སློབ་གྲྭར་གནང་བའི་ཤིས་ཚིག

༧སྐྱབས་རྗེ་ལ་མོའི་ཡོངས་འཛིན་རིན་པོ་ཆེས་རྭ་རྒྱའི་སློབ་གྲྭར་གནང་བའི་ཤིས་ཚིག


དགེ་མཚན་རྭ་བའི་རྒྱ་ལས་མི་འདའ་བའི། །
བཀྲ་ཤིས་ཀུན་གྱི་འབྱུང་གནས་ཆོས་གྲྭ་ཆེའི། །
འཇིགས་མེད་རྣམ་པར་རྒྱལ་བའི་མཚན་ལྡན་པས། །
ཆེ་བསྐྲུན་སློབ་གྲྭ་ཤེས་རིག་ནོར་བུའི་གླིང་། །
ཀྭ་ཡེ་གཅེས་ནོར་རིག་ཚུལ་གང་ལ་ཡང་། །
སློབ་འདོད་བློ་གསལ་སྐལ་བཟང་གཞོན་ནུ་རྣམས། །
དགོས་འདོད་ཀུན་འབྱུང་སློབ་གྲྭ་འདིར་ཞུགས་ན། །
དོན་གཉིས་རིན་ཆེན་ལག་རྩེར་མྱུར་དུ་སོན། ། 

— ཞེས་གོ་བཞིའི་རྒན་པོ་ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོས་ལག་སུག་འདར་བཞིན་བྲིས།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-02-21 ལྟ་ཀློག (3237)