གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
༢༠༡༧ལོའི་སྤྱི་ཟླ་༡༢་བའི་ཚེས་༡༨ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་སྐབས་དགུ་བ་གླིང་སྨད་ཀྱི་ཚོགས་ཁང་དུ་སྤེལ། ཐེངས་འདིའི་འགྲན་སྡུར་གྱི་བྱ་འགུལ་ནི་སློབ་གླིང་རྩོམ་སྒྲིག་ཚན་ཆུང་སྐབས་ཉེར་གཅིག་པས་གཙོ་སྒྲུབ་བྱས་ཤིང་།
འགྲན་སྡུར་བྱ་འགུལ་ལ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་གཙོས་སློབ་གླིང་ཡོངས་ཀྱི་དགེ་སློབ་སྟོང་ལྷག་ཞུགས།
གསེར་སྨྱུག་རྟགས་མའི་རྩོམ་རིག་བྱ་དགའི་འགྲན་སྡུར་ཚུགས་ནས་ལོ་དགུ་འགོར་ཡོད་ལ།
བྱ་འགུལ་འདིས་ངེད་སློབ་གླིང་གི་རྩོམ་རིག་ལ་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཡར་རྒྱས་གོང་འཕེལ་གྱི་ནུས་པ་སྔ་ན་མེད་པ་ཐོན་ཡོད།
ཐེངས་འདིའི་འགྲན་རྩོམ་ནི་རྩོམ་ལུས་ལྷུག་རྩོམ་གྱི་རྣམ་པས་དུས་ཚོད་ཅེས་པ་དང་ཕུག་བསམ་ཞེས་པའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་སྡུར་བྱས་པ་རེད།
ཁྱོན་རྩོམ་ཡིག་བརྒྱ་ཕྲག་ལྷག་ལས་སློབ་གླིང་རྩོམ་སྒྲིག་ཚན་ཆུང་གིས་རྩོམ་སོ་གཅིག་བདམས་ཤིང་དེ་དག་ལས་དགེ་རྒན་གྱི་དཔྱད་འདེམས་ཚན་ཆུང་གིས་རྩོམ་བཅུ་བདམས་ནས་བྱ་དགའ་སྤྲད་པ་རེད། ཨང་དང་བོ་ནས་རྟིང་སྐུལ་བྱ་དགའི་བར་སློབ་མ་བཅུ་དང་།
ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ལ་བྱ་དགའ་སྤྲད་ཅིང་།
ཐེངས་འདིའི་བྱ་འགུལ་ལ་དཔལ་འབྱོར་གྱིས་རོགས་སྐྱོར་གནང་མཁན་རྭ་རྒྱ་དགོན་པའི་གྲྭ་བཙུན་འཇིགས་མེད་རབ་གསལ་ཚང་།
མ་ཡུམ་བྱམས་བརྩེ་དགེ་སྒྲུབ་ཚོགས་པ་སོགས་ལ་བཀའ་དྲིན་ཞུ་ཡིག་དང་གཟེངས་བསྟོད་རྟགས་མ་ཕུལ། མཐར་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཐེངས་འདིའི་རྩོམ་རིག་འགྲན་སྡུར་ལ་སྤྱི་སྡོམ་གྱི་ཚུལ་གྱིས་གསུང་བཤད་གནང་བ་དང་འབྲེལ་ཏེ་འགོ་འཛིན་པའི་བཀྲ་ཤིས་ཞུ་ཚིག་དང་བཅས་བདེ་ལེགས་ངང་བྱ་འགུལ་མཇུག་བསྡུས།
ཚོགས་རའི་ཡུལ་དངོས།
ཚོགས་རའི་ཡུལ་དངོས།
ཕྱུལ་བྱུང་འཛིན་གྲྭ་མཐར་ཕྱིན་གཉིས་པ་ལ་བྱ་དགའ་ཕུལ་བ།
བྱ་དགའ་ཨང་དང་བོ་ཐོབ་པའི་མཐར་ཕྱིན་དང་བོའི་སློབ་མ་གངས་རི་རྒྱལ་མཚན་གྱིས་རང་གི་རྩོམ་ཡིག་འདོན་བཞིན་པ།
དཔལ་འབྱོར་གྱིས་རྒྱབ་སྐྱོར་གནང་བའི་སྦྱིན་བདག་ལ་བཀའ་དྲིན་ཞུ་ཡིག་ཕུལ་བ།

དཔལ་འབྱོར་གྱིས་རྒྱབ་སྐྱོར་གནང་བའི་སྦྱིན་བདག་ལ་བཀའ་དྲིན་ཞུ་ཡིག་ཕུལ་བ།

དགེ་རྒན་དང་བྱ་དགའ་ཐོབ་པའི་སློབ་མ། ཐེངས་འདིའི་རྩོམ་སྒྲིག་ཚན་ཆུང་བཅས་ཀྱི་མཉམ་པར།
གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། ལྡོང་རུ་ཆོས་དུང་།
|