​འཆད་ཁྲིད་ཐོན་མིའི་དགོངས་རྒྱན་སྤེལ་བའི་གསར་འགྱུར།

འཆད་ཁྲིད་ཐོན་མིའི་དགོངས་རྒྱན་སྤེལ་བའི་གསར་འགྱུར།     

    དེ་རིང་སྟེ་སྤྱི་༡༡པའི་ཚེས་༢༩་དང་གཟའ་ལྷག་པའི་དགོང་མོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་ཞིབ་འཇུག་ལྟེ་གནས་ཀྱིས་རྩ་འཛུགས་བྱས་འོག  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་མགོན་པོ་སྐྱབས་ཀྱིས་བོད་ཀྱི་ཡིག་གཟུགས་སྐོར་གྱི་འཆད་ཁྲིད་སྤེལ།  གླིང་སྨད་ཀྱི་ཚོགས་ཁང་དུ་དགེ་སློབ་ཡོངས་འཆད་ཁྲིད་ལ་ཞུགས། འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཚོགས་རར་སྤྲོ་དགས་ཁྱབ། འཆད་ཁྲིད་པ་དགེ་རྒན་མགོན་པོ་སྐྱབས་ཀྱིས་ཐོག་མར་སློབ་དཔོན་ཐོན་མིས་བོད་ཀྱི་ཡི་གེའི་གཟུགས་བརྩམས་ནས་བཟུང་རྒྱལ་རབས་སོ་སོའི་སྐབས་སུ་ཡིག་གཟུགས་མི་འདྲ་བ་བྱུང་ཚུལ། དབུ་མེད་ཀྱི་ཡིག་གཟུགས་སློབ་དཔོན་ཐོན་མིའི་སྐབས་བྱུང་ཡོད་མེད་སྐོར། ཡིག་གཟུགས་འབྲི་ཚུལ་དང་སྦྱོང་ཚུལ། དེང་སྐབས་གྲགས་ཆེ་བའི་ཡིག་གཟུགས་དག་ངོ་སྤྲོད། ཞར་བྱུང་སྒྱུ་རྩལ་ཡིག་གཟུགས་ཀྱི་སྐོར་བཅས་འཆད་ཁྲིད་ལ་པར་རིས་ཀྱིས་ར་སྤྲད་ནས་འཆད་ཁྲིད་བྱས་ཤིང་དགེ་སློབ་ཀུན་གྱིས་དགའ་བསུའི་ཐལ་སྒྲའི་ཁྲོད་མཇུག་བསྡུས། 


ཁྱུང་བྲིས་ཡིག་གཟུགས། 


གནའ་བོའི་ཡིག་གཟུགས། 

ཆད་ཁྲིད་བྱེད་པའི་ཡུལ་ངོས། 

གསར་འགོད་པ།  དགེ་རྒན་རྐང་ཚ་འཕྲིན་ལས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-11-29 ལྟ་ཀློག (3375)