ཏང་ཀྲུང་དབྱང་གི་དབུ་ཁྲིད་རྣམ་པའི་ངོ་སྤྲོད་མདོར་བསྡུས།

བློ་མཐུན་ཞི་ཅིན་ཕིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།

བློ་མཐུན་ཞི་ཅིན་ཕིང་ངོ་སྤྲོད་མདོར་བསྡུས།

    ཞི་ཅིན་ཕིང་། ཕོ། རྒྱ་རིགས།  ༡༩༥༣ལོའི་ཟླ་བ་དྲུག་པར་སྐུ་འཁྲུངས། ཧྲའན་ཞི་ཧྥུ་ཕིང་བ་རེད། ༡༩༦༩ ལོའི་ཟླ་བ་དང་པོར་ལས་ཀར་ཞུགས། ༡༩༧༤ལོའི་ཟླ་བ་དང་པོར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་ཆེན་མི་ཆོས་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་རིག་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོ་ཆེད་སྦྱོང་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། ཁྲིམས་རིག་པའི་འབུམ་རམས་པའི་བསླབ་གནས་ཡོད།      ད་ལྟར་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།

 

བློ་མཐུན་ལི་ཆའང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།

བློ་མཐུན་ལི་ཆའང་ངོ་སྤྲོད་མདོར་བསྡུས།

    ལི་ཆའང་། ཕོ། རྒྱ་རིགས། ༡༩༥༩ལོའི་ཟླ་བདུན་པར་སྐྱེས། ཀྲེ་ཅང་རུའེ་ཨན་བ་རེད། ༡༩༧༦་ལོའི་ཟླ་བདུན་པར་ལས་ཀར་ཞུགས། ༡༩༨༣་ལོའི་ཟླ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་བླངས་ཡོད།  ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས་ཡོད།

 

བློ་མཐུན་ཀྲའོ་ལི་ཅི་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།

 བློ་མཐུན་ཀྲའོ་ལི་ཅི་ངོ་སྤྲོད་མདོར་བསྡུས།

   ཀྲའོ་ལི་ཅི། ཕོ། རྒྱ་རིགས། ༡༩༥༧ལོའི་ཟླ་གསུམ་པར་སྐྱེས། ཧྲའན་ཞི་ཞི་ཨན་བ་རེད། ༡༩༧༤་ལོའི་ཟླ་དགུ་པར་ལས་ཀར་ཞུགས། ༡༩༧༥ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་ཡིན། ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་འགན་བཞེས་ཡོད།

 

བློ་མཐུན་ཝང་ཧུའུ་ཉིང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།

བློ་མཐུན་ཝང་ཧུའུ་ཉིང་ངོ་སྤྲོད་མདོར་བསྡུས།

    ཝང་ཧུའུ་ཉིང་། ཕོ། རྒྱ་རིགས། ༡༩༥༥ལོའི་ཟླ་བ་བཅུ་པར་སྐྱེས། ཧྲན་ཏུང་ལའེ་ཀྲོའུ་བ་རེད། ༡༩༧༧ལོའི་ཟླ་བ་གཉིས་པར་ལས་ཐོག་ཞུགས། ༡༩༨༤ལོའི་ཟླ་བ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྥུ་ཏན་སློབ་ཆེན་རྒྱལ་སྤྱི་ཆབ་སྲིད་ཚན་པའི་རྒྱལ་སྤྱིའི་ཆབ་སྲིད་ཆེད་སྦྱོང་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། ཁྲིམས་རིག་པའི་རབ་འབྱམས་པའི་བསླབ་གནས་ཡོད། དགེ་རྒན་ཆེན་མོ་ཡིན།  ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད། 

 བློ་མཐུན་ཚའེ་ཆི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།

བློ་མཐུན་ཚའེ་ཆི་ངོ་སྤྲོད་མདོར་བསྡུས།

    ཚའེ་ཆི། ཕོ། རྒྱ་རིགས། ༡༩༥༥ལོའི་ཟླ་བ་བཅུ་གཉིས་པར་སྐྱེས། ཧྥུའུ་ཅེན་ཡིའུ་ཞི་བ་རེད། ༡༩༧༣ལོའི་ཟླ་བ་གསུམ་པར་ལས་ཀར་ཞུགས། ༡༩༧༥ལོའི་ཟླ་བ་བརྒྱད་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྥུའུ་ཅན་དགེ་འོས་སློབ་ཆེན་དཔལ་འབྱོར་བཅའ་ཁྲིམས་སློབ་གླིང་ཆབ་སྲིད་དང་དཔལ་འབྱོར་རིག་པའི་ཆེད་སྦྱོང་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ཡོད།      ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། པེ་ཅིན་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

 བློ་མཐུན་ཏེང་ཞུའེ་ཞང་གི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།

བློ་མཐུན་ཏེང་ཞུའེ་ཞང་ངོ་སྤྲོད་མདོར་བསྡུས།

   ཏེང་ཞུའེ་ཞང་། ཕོ། རྒྱ་རིགས།  ༡༩༦༢ལོའི་ཟླ་བ་དགུ་པར་སྐྱེས།  ཅང་སུའུ་ཞིང་ཆེན་ནན་ཐུང་བ་རེད།  ༡༩༨༢ལོའི་ཟླ་བ་བརྒྱད་པར་ལས་ཀར་ཞུགས།  ༡༩༨༤ལོའི་ཟླ་བ་བཅུ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  ཧྥུའུ་ཏན་སློབ་ཆེན་དོ་དམ་སློབ་གླིང་སྲིད་འཛིན་དོ་དམ་ཆེད་སྦྱོང་ནས་སློབ་མཐར་ཕྱིན།  ལས་ཐོག་ཞིབ་མཇུག་སློབ་མའི་སྦྱངས་རབས་དང་།  གནས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་ཡོད།  དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་རེད། ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

 བློ་མཐུན་ལི་ཞི་ཡི་འདྲ་པར། ཞིན་ཧྭ་གསར་འགྱུར་དྲ་བས་བཀྲམས།

བློ་མཐུན་ལི་ཞི་ངོ་སྤྲོད་མདོར་བསྡུས།

    ལི་ཞི།  ཕོ།  རྒྱ་རིགས།  ༡༩༥༦ལོའི་ཟླ་བ་བཅུ་པར་སྐྱེས།   ཀན་སུའུ་ཞིང་ཆེན་ལིའང་ཏང་བ་རེད།  ༡༩༧༥ལོའི་ཟླ་བ་བདུན་པར་ལས་ཀར་ཞུགས།  ༡༩༨༢ལོའི་ཟླ་བ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  ནུབ་བྱང་དགེ་ཐོན་སློབ་གླིང་རྒྱ་ཡིག་སྡེ་ཁག་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ནས་སློབ་མཐར་ཕྱིན།  སློབ་ཆེན་གྱི་སྦྱངས་རབས་དང་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་ཡོད། ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི།  ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-11-13 ལྟ་ཀློག (2882)