ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ།


ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་སྟེང་ནས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཚོགས་ཆེན་གཟབ་རྒྱས་ངང་བསུ་དགོས།

  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་ལ་ཉེ་བའི་སྐབས་འདིར།  མི་རྣམས་ཀྱིས་ཚོགས་ཆེན་ལ་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད། ཚང་མས་བློ་རྩ་བརྟན་པོའི་སྒོ་ནས་ཡར་རྒྱས་བརྩོན་ལེན་དང་ཡིད་ཆེས་ཆེན་པོ་བཅངས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།ལོ་ངོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་པར་བརྟེན། གཞི་ནས་རང་རྒྱལ་འདི་ཉིད་གྲུབ་འབྲས་ཐོབ་པའི་ངང་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲལ་དུ་ཚུད་པ་དང་། མི་རྣམས་ཀྱིས་ཡིད་ཆེས་ཆེན་པོ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་རྒྱུར་བསུ་མ་བྱེད་ཀྱིན་ཡོད།བསྟུད་མུར་ཉིན་འགའི་རིང་ལ། ས་གནས་སོ་སོས་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ་ཞེས་པ་བརྗོད་གཞིར་བཟུང་ནས། དེ་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ། ཧེ་ལུང་ཅང་གིས་ཏང་གི་སློབ་ཚན་དེ་གསར་བརྗེ་སློབ་གསོའི་རྟེན་གཞི་རུ་སྤེལ་བ་དང་། ཧྲན་ཏུང་ཕིང་ཏུའུ་ནས་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། གསར་བརྗེ་རྗེས་ཤུལ་འཚོལ་སྙེག་བྱེད་ཅེས་པའི་གསར་བརྗེ་སློབ་གསོའི་བྱེད་སྒོ་སྤེལ་ནས། མི་རྣམས་ལ་གསར་བརྗེ་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱས།  ཀན་སུའུ་ཐེན་ཧྲོས་ཡིས་ཐང་ཆེན་སློབ་ཐུན་ཞེས་པའི་གཞུང་ལུགས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་དེ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་མང་ཚོགས་ལ་བརྒྱུད་སྒྲོག་བྱས།

ལོ་ཙཱ་བ། བན་དེ་སྐྱབས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-10-13 ལྟ་ཀློག (2230)