བོད་ཀྱི་གསོ་བ་རིག་པའི་ལག་ལེན་དམར་ཁྲིད།

སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༧པའི་ཚེས་༢༩ཉིན་ནས་བཟུང་ལི་ཐང་རྫོང་བོད་སྨན་ཁང་གི་དབུ་ཁྲིད་དང་ལི་ཐང་རྫོང་འཕྲོད་བསྟེན་ཅུས་གཉིས་ཀྱིས་རང་ས་གནས་ཀྱི་བོད་གསོ་རིག་གི་ཚད་གཞི་གོང་འཕེལ་གཏོང་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རམ་འདེགས་མཛད་དེ་ཟླ་གཅིག་ལྷག་གི་རིང་ལ། ལི་ཐང་རྫོང་བོད་སྨན་ཁང་དུ་ལི་ཐང་རྫོང་བོད་སྨན་མཐུན་ཚོགས་ཀྱིས་གཙོས་པའི་ཕྱོགས་སོ་སོའི་བོད་སྨན་ལས་གཉེར་བ་མང་བོ་སྟེ། ཁྱོན་བོད་སྨན་གྱི་ཆེད་ལས་མི་སྣ་བཞི་བཅུ་ལྷག་ལྷན་གཅིག་ཏུ་འཛོམས་ཤིང་སྡེ་དགེ་བོད་སྨན་ཁང་གི་ཆེད་མཁས་སྨན་པའམ་བོད་ཀྱི་གསོ་རིག་མཁས་དབང་མཁན་པོ་ཁྲོ་རུ་ཚེ་རྣམ་གྱི་དངོས་སློབ་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཆེད་མཁས་པ་དགེན་ཚེ་གྲུབ་རྡོ་རྗེ་ལགས་གདན་འདྲེན་ཞུས་ནས། བོད་ཀྱི་གསོ་བ་རིག་པའི་གཞུང་གི་ཐུན་མིན་ཕྱག་ལེན་ནམ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དང་ལྕགས་ཁམས་ཐལ་བཟོ། བདུད་རྩི་སུམ་སྦྱོར། ཅོང་ཞི་འཕྲུལ་ཐལ་སོགས་ཀྱི་ལག་ལེན་བཅས་དམར་ཁྲིད་བྱས་པ་མ་ཟད། ཕྱི་རྒྱུད་ཀྱི་ཐུར་མའི་ལག་ལེན་གྱི་ཁྲིད་ལུང་དང་བཅས་ངེད་ཅག་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་གནང་ནས་སྤྱི་ཟླ་༩པའི་ཚེས་གསུམ་ཉིན་བཀྲ་ཤིས་བདེ་ལེགས་ངང་ཡོངས་སུ་མཇུག་སྒྲིལ།

གསར་འགོད་པ། ལི་ཐང་ཨོཾ་ཕུན་ཚོགས།
|