ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་ཁག་བཞི་འགྲེམས་སྤེལ་བྱས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གླེང་བ་སོགས་གསུང་རྩོམ་ཁག་བཞི་ཉིས་སྟོང་ཉེར་གཉིས་ལོའི་ཞང་ཀང་གི་དཔེ་དེབ་འགྲེམས་སྟོན་སྟེང་ཐོག་མར་འགྲེམས་སྤེལ་བྱས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གླེང་བ་ཞེས་པ་དང་། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་འཆད་པ་ཞེས་པ། ཞི་ཅིན་ཕིང་གིས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པའི་སྐོར་གྱི་རྒྱས་བཤད་གནད་སྒྲིག་ཅེས་པ། ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་པའི་སྐོར་གྱི་རྒྱས་བཤད་གནད་སྒྲིག་ཅེས་པ་བཅས་གསུང་རྩོམ་ཁག་བཞིའི་ཚུགས་རྙིང་རྒྱ་ཡིག་གི་དེབ་ཕྲེང་། ཙི་ཅིན་རིག་གནས་སྡེ་ཚོགས་མངའ་འོག་གི་མཉམ་འབྲེལ་དཔེ་སྐྲུན་སྡེ་ཚོགས་ཀྱིས་དཔེ་སྐྲུན་བྱས་པ་དང་།  ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། ཞང་ཀང་གི་དཔེ་དེབ་འགྲེམས་སྟོན་གྱི་ཉིན་དང་པོར་དཔེ་དེབ་གསར་པ་འགྲེམས་སྤེལ་གྱི་མཛད་སྒོ་བསྡུས།མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གླེང་བ་ཞེས་པའི་དཔེ་དེབ་ཁྲོད་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་རྩོམ་ཡིག་གལ་ཆེན་ལྔ་བཅུ་བསྡུས་ཡོད་ཅིང་། དེའི་ནང་གི་ཟིན་བྲིས་ཁག་གཅིག་ཡོངས་བསྒྲགས་ཀྱི་རྣམ་པས་འགྲེམས་སྤེལ་བྱེད་ཐེངས་ཐོག་མ་རེད། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་འཆད་པ་ཞེས་པའི་ཁྲོད་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་མྱོང་བའི་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྒྱད་ཅུ་ལྷག་ལེགས་འདེམས་བྱས་ཡོད་ཅིང་། དཔེ་དེབ་དེས་གཏམ་རྒྱུད་ཀྱི་ནང་དོན་ལ་གོ་བདེ་བའི་ངང་འགྲེལ་བཤད་དང་འཆད་འགྲེལ་བྱས་ཡོད། ཞི་ཅིན་ཕིང་གིས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པའི་སྐོར་གྱི་རྒྱས་བཤད་གནད་སྒྲིག་ཅེས་ པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙན་ཞུ་དང་གསུང་བཤད། གླེང་མོལ། གསལ་བཤད། དྲིས་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་དྲུག་ཅུ་ལྷག་བསྡུས་ཡོད། ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་པའི་སྐོར་གྱི་རྒྱས་བཤད་གནད་སྒྲིག་ཅེས་པ་ཆེད་དོན་ཁག་དགུ་ལ་དགར་ཡོད་ཅིང་། དེའི་ཁྲོད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙན་ཞུ་དང་གསུང་བཤད། གླེང་མོལ། གཏམ་བཤད། རྟེན་འབྲེལ་ཞུ་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བརྒྱ་དང་དྲུག་ཅུ་ལྷག་ཙམ་བསྡུས་ཡོད།གསུང་རྩོམ་བཞི་པོའི་ཚུགས་རྙིང་རྒྱ་ཡིག་གི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། ཞང་ཀང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པར་དབང་གྲགས་ལྡན་པའི་ཀློག་དེབ་མཁོ་འདོན་བྱས། ཞང་ཀང་གི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་ངོ་བོ་དང་བསམ་བློའི་མཛེས་པ། ལག་ལེན་གྱི་རིན་ཐང་བཅས་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་པར་མ་ཟད། དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་སྒུལ་རྐྱེན། འཕེལ་རྒྱས་ཀྱི་མདུན་ལམ་བཅས་ལ་ཤེས་རྟོགས་བྱས་ཏེ། རྒྱལ་གཅེས་ཀང་གཅེས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་ནས། ཞང་ཀང་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-08-09 ལྟ་ཀློག (7232)