སྐབས་བཅུ་གསུམ་པའི་དབྱངས་ཅན་མགྲིན་སྒྲ།
2022\6\29
དེ་རིང་ངེད་སློབ་གླིང་གི་སློབ་སྟོན་ཁང་གིས་ལོ་རེའི་འཆར་ཅན་ལྟར་སྙན་ངག་གྱེར་འདོན་འགྲན་སྡུར་དབྱངས་ཅན་མགྲིན་སྒྲ་ཞེས་པ་དངོས་སུ་སྤེལ་ཅིང་། གླིང་སྟོད་ཀྱི་དཔེ་མཛོད་ཁང་དུ་ཚོགས། སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་དང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་གཙོས་སློབ་གླིང་གི་དགེ་སློབ་སྟོང་ལ་ཉེ་བ་དངོས་སུ་ཚོགས་རར་ཞུགས་ཤིང་། འཛིན་གྲྭ་རེ་ནས་སློབ་མ་གཉིས་རེ་འགྲན་སྡུར་ལ་ཞུགས་ཏེ་མཐར་སློབ་མ་བཅུ་ཐམ་པ་ལ་བྱ་དགའི་གཟེངས་རྟགས་གནང་།
སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་མཆོག་གིས་སྙན་ངག་གི་དགེ་མཚན་དང་། རྗོད་བྱེད་ཚིག་གི་དག་ཆ། བརྗོད་བྱའི་དོན་གྱི་སྙིང་བོ། དེ་བཞིན་མཛེས་པའི་ཉམས་གལ་ཆེ་ཚུལ་སོགས་ལས་འཕྲོས་ཏེ་གསུངས་བཤད་གནང་ཞིང་། མཇུག་ཏུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དེ་རིང་གི་འགྲན་སྡུར་དངོས་ལ་སྤྱི་སྡོམ་གྱི་གསུང་བཤད་གནང་། མཇུག་ཏུ་ཐེངས་བསྟུད་མར་ལོ་འདི་དག་ལ་བྱ་འགུལ་འདིའི་འགྲོ་སོང་གཏོང་མཁན་གཙང་རྡོ་དང་དོན་གྲུབ་གཉིས་ལ་བཀའ་དྲིན་ཞུ་ཡིག་དང་བཅས་བསྔགས་བརྗོད་གནང་།
གྱེར་ཚིག་གི་རྩོམ་ལུས། ཚིགས་བཅད།
ལག་བསྟར་མི་སྣ། སློབ་བུ་ཚོགས་པ།
བྱ་དགའ་འཐོབ་མཁན།
ཨང་དང་བོ། ཚོགས་མཆོག ༼མཐར་ཕྱིན་གཉིས་པ།༽
ཨང་གཉིས་པ། གནམ་མགོན་ཐར།༼མཐོ་གཉིས་གཉིས་པ།༽ རྒྱལ་མཚན་མཐའ་ཡས། ༼མཐར་ཕྱིན་དང་བོ།༽
ཨང་གསུམ་པ། དགྲ་ལྷ། ༼མཐར་ཕྱིན་གཉིས་པ།༽ སྲས་མཆོག ༼མཐོ་གཅིག་གཉིས་པ།༽ འཇམ་དབྱངས་བསྟན་པ།༼མཐར་ཕྱིན་དང་བོ།༽
རྟིང་སྐུལ། མགོན་པོ་བཀྲ་ཤིས།༼འབྲིང་གཅིག༽ ཕུན་ཚོགས་རྣམ་རྒྱལ།༼དམའ་གཅིག༽ འཇིགས་མེད་གྲགས་པ། ༼མཐོ་གཉིས་དང་བོ།༽རིག་འཛིན་སྐྱབས།༼མཐོ་གཅིག་དང་བོ།༽
ཕུལ་བྱུང་འཛིན་གྲྭ། མཐར་ཕྱིན་གཉིས་པ་བཅས་སོ། །
དེ་བཞིན་སློབ་སྟོན་ཁང་གིས་གླིང་སྨད་ཀྱི་འཛིན་གྲྭ་དྲུག་གི་སློབ་མའི་ལས་བྱ་ལ་བལྟས་པའི་ཁྲོད་འབུར་དུ་ཐོན་པ་རྣམས་ལའང་རྟིང་སྐུལ་བྱ་དགའ་སྤྲད་པ་ནི་གཤམ་གསལ།
༢༠༢༡—༢༠༢༢བར་གྱི་དམའ་འབྲིང་རིམ་པའི་ལོ་གཅིག་གི་གཟའ་འཁོར་ལས་བྱའི་སྤྱི་སྡོོམ་ཁྲོད་བྲིས་གཟུགས་ལེགས་པའི་སློབ་མའི་མཚན་ཐོ།
ཨང་དང་བོ། ཤེས་རབ་རྒྱ་མཚོ།༼དམའ་གཅིག༽
ཨང་གཉིས་པ། འཇིགས་མེད་རྒྱ་མཚོ།༼དམའ་གཉིས།༽ དགེ་འདུན་བསམ་འཕེལ།༼དམའ་གཅིག༽
ཨང་གསུམ་པ། ནུས་ལྡན་རྡོ་རྗེ།༼དམའ་གཅིག༽ དཔལ་ཆེན་རྡོ་རྗེ།༼དམའ་གཅིག༽ བཀྲི་ཤིས་ཉི་མ།༼དམའ་གཉིས།༽
ཨང་བཞི་བ། དཀོན་མཆོག་ཡེ་ཤེས།༼དངོས་གཞི་དང་བོ།༽ རྡོ་རྗེ་རྒྱལ།༼དམའ་གཅིག༽ སློབ་དཔོན་སྐལ་བཟང་རྡོ་རྗེ།༼དམའ་གཅིག༽ དཔལ་ལྡན་རྡོ་རྗེ།༼དམའ་གཉིས༽
གཞན་ཡང་སྤྱི་ལོ་༢༠༢༡-༢༠༢༢བར་གྱི་ལོ་གཅིག་གི་དམ་བཅའ་ཆེན་མོའི་ཁྲོད་ཞུགས་པའི་སྐར་གྲངས་སྤྱི་སྡོམ་བྱས་པས་མཐར་ཕྱིན་གཉིས་པ་ལ་གཟེངས་དར་སྤྲད་དེ་བསྔགས་བརྗོད་གནང་།









གསར་འགོད་པ། གྱི་ལིང་འཇིགས་མེད།
|