ཆོས་དབྱིངས་སྐྱིད་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བསྩལ།

ཆོས་དབྱིངས་སྐྱིད་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བསྩལ།

   ཟླ3ཚེས21ཉིན། མཆོང་རྒྱུག་འཕེན་གསུམ་འགྲན་སྡུར་གྱི་དྲང་གཞག་རྩ་འཛུགས་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན། ཨུ་རུ་སིའི་སྐྱེས་མའི་འདུར་རྒྱུག་འགྲན་ཞུགས་པ་ལཱ་ཧྲི་མཱ་ནོ་བར་ངར་སྨན་འཐུང་བས་ལོ་གཉིས་ལ་འགྲན་བཀག་བྱས་པར་མ་ཟད། མོའི2012ལོའི་ལོན་ཏུན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་བསྐྲུན་པའི་འཛམ་གླིང་ཟིན་ཐོ་དང་གསེར་གྱི་རྟགས་མ་མེད་པར་བཟོས། དངུལ་གྱི་རྟགས་མ་ཐོབ་པའི་ཨུ་རུ་སིའི་འགྲན་ཞུགས་པ་གྲགས་ཅན་ཁཱ་ཉི་སི་ཅིན་ནཱར2015ལོར་མ་དཔེར་བསྐྱར་ཞིབ་བྱེད་དུས་གདགས་གཤིས་སུ་མངོན་པས་དགའ་རྟགས་མེད་པར་བཟོས། དེའི་སྟབས་ཀྱིས་ཀྲུང་གོའི་འགྲན་ཞུགས་པ་དག་ཡར་འཐེན་བྱས་ནས་བྱ་དགའ་སྤྲད་ཅིང་། སྐབས་དེར་ཟངས་ཀྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཡར་འཐེན་བྱས་ཏེ་དངུལ་གྱི་རྟགས་མ་སྤྲད་པ་དང་། ད་ཐེངས་ཡང་བསྐྱར་ཡར་འཐེན་བྱས་ནས2012ལོའི་ལོན་ཏུན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་སྤྲད་པ་རེད། ལིག་ཧུང་དང་ལོས་ཕྱུག་ཀྲི་གཉིས་ལ་རིམ་པ་བཞིན་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་བསྩལ། ལཱ་ཧྲི་མཱ་ནོ་བའི་འགྲན་བཀག་དུས་ཚོད2021ལོའི་ཟླ3ཚེས9ཉིན་ནས་མགོ་བརྩམས་པ་དང་། མོའི2012ལོའི་ཟླ2ཚེས18ཉིན་ནས2014ལོའི་ཟླ1ཚེས3བར་གྱི་འགྲན་སྡུར་ཚང་མ་མེད་པར་བཟོས། འདིའི་སྔོན་དུ། ལཱ་ཧྲི་མཱ་ནོ་བ2014ལོར་ལོ་གཉིས་ལ་འགྲན་བཀག་བྱས་མྱོང་། 

འདི་ནི་ཨོ་རྩལ་འགྲན་ཚོགས་སྟེང་བོད་རིགས་ལུས་རྩལ་པས་བླངས་པའི་ཆེས་ཐོག་མའི་གསེར་གྱི་རྟགས་མ་རེད།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-22 ལྟ་ཀློག (6233)